འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སི་ཕེན་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སི་ཕེན་ལ་འཚམས་འདྲི་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཚེས་15ནས་ཚེས་16ཉིན་བར་སི་ཕེན་དུ་སྤེལ་རེས་འཚམས་འདྲི་བྱས་པ་རེད། སྤེལ་རེས་ཚོགས་པས་སི་ཕེན་གྱི་གྲོས་ཁང་གི་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧུའུ་ཨན་•ཧོ་སའེ་•ལུའུ་ཁ་སི་གྲོས་མོལ་བྱས་པ་མ་ཟད། མ་ཏེ་རི་རུ་ཀྲུང་གོའི་རིག་གནས་ལྟེ་བ་དང་པ་སའེ་ལུའོ་ནཱ་ཁུང་ཙི་སློབ་གླིང་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། སི་ཕེན་གྱི་ཆེད་མཁས་དབང་དང་། མཛའ་གྲོགས། ཕྱིར་སྡོད་ཀྲུང་གོ་བ་སོགས་དང་རྒྱ་ཁྱབ་ཏུ་སྤེལ་རེས་བྱས་པ་རེད།
         གྲོས་ཁང་ལ་འཚམས་འདྲི་བྱེད་པའི་རིང་དུ། བགྲོ་གླེང་ཚོགས་པས་ཀྲུང་གོའི་མི་རིགས་ས་ཁུལ་གྱི་རང་སྐྱོང་སྲིད་ཇུས་དང་། བོད་བརྒྱུད་ནང་བསྟན་བརྒྱུད་སྤེལ་དང་སྲུང་སྐྱོང་། བོད་ལྗོངས་ས་ཁུལ་གྱི་སློབ་གསོའི་ལས་དོན་གྱི་འཕེལ་རིམ། བོད་ཡིག་དང་དེང་གི་སྨྱན་སྦྱོར་ལག་རྩལ་ཟུང་འབྲེལ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། དབུལ་སྒྲོལ་ལག་བསྟར་དང་ཕན་ནུས་སོགས་གང་ཅིའི་ཐད། ལུའུ་ཁ་སི་སོགས་གྲོས་ཁང་གི་འཐུས་ཚབ་པར་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་། ཁྱད་པར་དུ་ཆོས་ལུགས་དང་དེང་རབས་ཀྱི་སྤྱི་ཚོགས་ཟུང་འབྲེལ་བྱེད་པའི་ཕྱོགས་ཀྱི་གྲུབ་འབྲས་དང་ཉམས་མྱོང་བཅས་ངོ་སྤྲོད་བྱས་པ་རེད།
         ལུའུ་ཁ་སིས་གཏམ་བཤད་ཁྲོད་དུ་ཀྲུང་གོ་སྲིད་གཞུང་ནས་མི་རིགས་ས་ཁུལ་གྱི་རང་སྐྱོང་སྲིད་ཇུས་ལག་ལེན་བསྟར་ཚུལ་ལ་བསྟོད་བསྔགས་ཆེན་པོ་བྱས་ཤིང་། སི་ཕན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀ་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དེང་རབས་ཀྱི་རིག་གནས་འཕེལ་རྒྱས་ཟུང་འབྲེལ་འགྲན་སློང་གི་སྐབས་སུ་གནས་ཡོད་པར་འདོད་པ་རེད།
         སི་ཕེན་ལ་འཚམས་འདྲི་བྱས་པའི་རྗེས་སུ་བགྲོ་གླེང་ཚོགས་པ་ཨོ་སི་ཁྲུ་རི་ཡ་དང་པེར་ཀྲེམ་ལ་འཚམས་འདྲིར་བསྐྱོད་རྒྱུ་ཡིན་པ་རེད། 
    ༄༅།།བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སི་ཕེན་ལ་འཚམས་འདྲི་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།