འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《ཡིད་རྟོན་མཉམ་
    སྒུལ་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་ཆོད》ལ་མིང་རྟགས་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཡིད་རྟོན་མཉམ་སྒུལ་མཉམ་ལས་དང“ཡིད་རྟོན་ཀྲུང་གོའི”དྲ་ཚུགས་སྤྱད་དེ་ལོ་གཉིས་འཁོར་བའི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཚོགས་ཡིད་རྟོན་མ་ལག་དང་ཁྲལ་བསྡུའི་ཁ་དན་ཚིག་གནས་མ་ལག་འཛུགས་སྐྱོང་གི་སྤྱིའི་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད་ཐུན་མོང་ཐོག་《ཡིད་རྟོན་མཉམ་སྒུལ་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་ཆོད་》ལ་མིང་རྟགས་ཀྱང་བཀོད་པ་རེད།
           《ཡིད་རྟོན་མཉམ་སྒུལ་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་ཆོད་》གཞིར་བཟུང་། ཕྱོགས་གཉིས་པོས་ཆ་འཕྲིན་མཉམ་སྤྱོད་དང་། ཡིད་རྟོན་ཕན་ཚུན་ངོས་འཛིན། བྱ་དགའ་ཆད་གཅོད་ཕན་ཚུན་རམ་འདེགས་བཅས་ཀྱི་རྩ་དོན་གཞིར་བཟུང་ཡིད་རྟོན་མཉམ་སྒུལ་མཉམ་ལས་འབྲེལ་བ་བཙུགས་པ་སྟེ། གཅིག་ནི་ཐུན་མོང་ཐོག་ཡིད་རྟོན་མཉམ་སྒུལ་ལམ་སྲོལ་བཙུགས་ཤིང་། ཕྱོགས་གཉིས་པོས་ཁྲལ་འཇལ་བའི་ཡིད་རྟོན་རིམ་པ་Aནས་Dབར་གྱི་ཁྲལ་འཇལ་བའི་མིང་ཐོ་དང་ཁྲལ་བསྡུའི་ཁྲིམས་འགལ་གྱོད་གཞི་གལ་ཆེན་དང་དེ་བཞིན་འཕེལ་སྒྱུར་ཨུ་ལྷན་གྱིས་བསྡུ་རུབ་དང་ལེགས་སྒྲིག་བྱས་པའི་སྡེ་ཚན་གཞན་གྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བྱས་ཏེ་ཁྲལ་འཇལ་བའི་ཡིད་རྟོན་དང་སྤྱི་ཚོགས་ཡིད་རྟོན་གཞན་གྱི་མཉམ་སྒུལ་དོ་དམ་ལ་ཐུན་མོང་ཐོག་སྐུལ་མ་བཏང་བ་དང་། གཉིས་ནི་ཐུན་མོང་ཐོག་མཉམ་སྦྲེལ་བྱ་དགའ་ཆད་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། ཐུན་མོང་ཐོག་ཁྲལ་དོན་ཁྱབ་ཁོངས་ཀྱི་མཉམ་སྦྲེལ་བྱ་དགའ་ཆད་གཅོད་བྱེད་ཐབས་དོན་འཁྱོལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་ནས་དུས་ངེས་མེད་ཐོག་གཅུན་འདོམས་ཆེད་དོན་བཅོས་སྒྲིག་བྱེད་སྒོ་དང་Aརིམ་པའི་ཁྲལ་འཇལ་བའི་ཞབས་ཞུའི་ཟླ་བའི་བྱེད་སྒོ་སྤེལ་ནས་ས་གནས་ཁག་གི་འཕེལ་སྒྱུར་ཨུ་ལྷན་དང་ཁྲལ་དོན་སྡེ་ཚན་གྱིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཡར་སྐུལ་དང་གཅུན་འདོམས་བྱེད་ཐབས་འདོན་རྒྱུའི་སྐུལ་མ་བཏང་བ། གསུམ་ནི་ཐུན་མོང་ཐོག་གསར་གཏོད་ཀྱི་ཚོད་ལྟའི་ལམ་སྲོལ་འཚོལ་ཞིབ་བྱས་ཤིང་། ཕྱོགས་གཉིས་པོས་གྲོང་ཁྱེར་གྱི་ཡིད་རྟོན་འཛུགས་སྐྱོང་གནས་ཚུལ་གཞིར་བཟུང་། ཆ་འཕྲིན་ཅན་གྱི་ཆ་རྐྱེན་ལེགས་པའི་གྲོང་ཁྱེར་བདམས་ནས་ཁྲལ་འཇལ་བའི་ཡིད་རྟོན་དང་སྤྱི་ཚོགས་ཡིད་རྟོན་མཉམ་འདྲེས་ཚོད་ལྟ་བྱས་ཏེ་ཁྲལ་འཇལ་བའི་ཡིད་རྟོན་ཆ་འཕྲིན་དང་དེ་བཞིན་དེའི་ཉེར་སྤྱོད་གནས་ཚུལ་དཔེ་སྟོན་གྲོང་ཁྱེར་གཏོད་པ་དང་གྲོང་ཁྱེར་གྱི་ཡིད་རྟོན་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྟོན་གྲངས་མ་ལག་ནང་བཅུག་པ། བཞི་ནི་ཐུན་མོང་ཐོག་ཕན་འབྲས་ཚུར་ལན་ལམ་སྲོལ་བཙུགས་ཤིང་། ཕྱོགས་གཉིས་པོས་དུས་བཀག་ཐོག་ཡིད་རྟོན་མཉམ་སྒུལ་དང་མཉམ་འབྲེལ་བྱ་དགའ་ཆད་གཅོད་བྱེད་པའི་ལས་དོན་གྱི་དཔེ་མཚོན་གྱོད་གཞི་དང་མངོན་གསལ་དོད་པའི་ཕན་འབྲས་བསྡུ་རུབ་དང་དུས་ཐོག་ཏུ་ཚུར་ལན་བྱས་ཏེ་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་དང་གསར་འགྱུར་དྲིལ་བསྒྲགས་དང་གླེང་ཕྱོགས་ཁྲིད་སྟོན་ཡག་པོ་བྱས་ནས་དྲང་གཞག་དང་། ཁ་དན་ཚིག་གནས། གོ་རིམ་ལྡན་པ་བཅས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཁོར་ཡུག་བཏོད་པ་བཅས་བྱས་ཡོད།
             རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལེན་ཝུའེ་ལེང་གིས་ཚོགས་འདུའི་ཐོག་《ཡིད་རྟོན་སྲུང་མཁན་ལ་མཉམ་སྦྲེལ་ཡར་སྐུལ་དང་ཡིད་རྟོན་ཤོར་མཁན་ལ་མཉམ་སྦྲེལ་གཅུན་འདོམས་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་ཡིད་རྟོན་གཏོད་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་བསམ་འཆར་》ཁྱབ་བསྒྲགས་བྱས་ནས་ལོ་གཅིག་རིང་གཙོ་གནད་ཁྱབ་ཁོངས་མང་པོར་ཡིད་རྟོན་སྲུང་མཁན་ལ་མཉམ་སྦྲེལ་ཡར་སྐུལ་དང་ཡིད་རྟོན་ཤོར་མཁན་ལ་མཉམ་སྦྲེལ་གཅུན་འདོམས་བྱེད་པའི་ལམ་ལུགས་བཙུགས་ཡོད། མིག་སྔར་འབྲེལ་ཡོད་སྡེ་ཚན་གྱིས་ཡིད་རྟོན་ལ་མཉམ་སྦྲེལ་བྱ་དགའ་ཆད་གཅོད་བྱེད་པའི་མཉམ་ལས་དྲན་ཐོ་23ལ་མིང་རྟགས་བཀོད་དེ་མཉམ་སྦྲེལ་བྱ་དགའ་ཆད་གཅོད་བྱེད་ཐབས་100ལྷག་ཙམ་བཟོས་ནས“འདོན་པ་དང་། དང་ལེན། ཚུར་ལན”བཅས་ཀྱི་ལམ་སྲོལ་རགས་ཙམ་བཙུགས་ཏེ་མཉམ་སྦྲེལ་བྱ་དགའ་ཆད་གཅོད་ཀྱི་དྲན་ཐོ་ཁྱབ་ཁྱོན་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ནུས་པ་སྔར་བས་ཆེ་རུ་ཕྱིན་ཏེ་ལས་ཀར་ཕན་འབྲས་རགས་ཙམ་ཐོན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།