འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ལྟ་སྐུལ་དང་དོ་དམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འབྲིང་ཆུང་སྐྱོན་
    བྲལ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་རྩིས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་ལ་སྐུལ་མ་གཏོང་བའི་བྱ་ཐབས་(བཟོ་བཅོས་འཆར་ཟིན)》གཞིར་བཟུང་རང་རྒྱལ་གྱིས་ལྟ་སྐུལ་དང་དོ་དམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འབྲིང་ཆུང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་རྩིས་ཡོད་པ་རེད།
           བཟོ་བཅོས་འཆར་ཟིན་ནང་ཁེ་ལས་འབྲིང་ཆུང་གི་སྐུལ་གཏོང་ལས་ཀའི་དོ་དམ་སྒྲིག་གཞི་སྔར་བས་ཁ་གསལ་བཟོས་པ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་འབྲིང་ཆུང་གི་སྐུལ་གཏོང་ལས་ཀའི་འཕེལ་རྒྱས་ཀྱི་སྲིད་ཇུས་བཟོས་པ་དང་། ཁེ་ལས་འབྲིང་ཆུང་གི་སྐུལ་གཏོང་ལས་ཀའི་མཐུན་སྦྱོར་ལམ་སྲོལ་བཙུགས་པ། རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གི་སྐུལ་གཏོང་ལས་ཀར་སྤྱི་འདོམས་བྱས་པ་དང་། རྒྱལ་སྲིད་སྤྱི་ཁབ་ཁང་གི་ཁེ་ལས་འབྲིང་ཆུང་གི་སྐུལ་གཏོང་ལས་ཀའི་ཕྱོགས་བསྡུས་དོ་དམ་གྱི་འགན་འཁུར་སྡེ་ཚན་གྱིས་ཁེ་ལས་འབྲིང་ཆུང་ལ་སྐུལ་མ་གཏོང་བའི་འཕེལ་རྒྱས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་སྐུལ་གཏོང་ལས་དོན་ལ་སྤྱི་ཁོག་མཛུབ་ཁྲིད་དང་། ཕྱོགས་བསྡུས་མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་བཅས་བྱས་ཡོད།
          བཟོ་བཅོས་འཆར་ཟིན་ནང་རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཁེ་ལས་འབྲིང་ཆུང་གི་སྐུལ་གཏོང་ལས་ཀའི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་དེ་མཚུངས་ཀྱི་ཁེ་ལས་འབྲིང་ཆུང་གི་སྐུལ་གཏོང་ལས་ཀའི་ཕྱོགས་བསྡུས་དོ་དམ་སྡེ་ཚན་གྱི་འགན་འཁུར་བ་དང་སྲིད་འཛིན་ས་ཁུལ་དེ་གའི་ནང་གི་ཁེ་ལས་འབྲིང་ཆུང་གི་སྐུལ་གཏོང་ལས་དོན་ལ་འགན་འཁུར་དགོས་པ་ཁ་གསལ་བཏོན་དགོས་པའི་གཏན་འབེབས་བྱས་ཡོད།
           བཟོ་བཅོས་འཆར་ཟིན་ནང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲིའི་གཏན་འབེབས་ཁ་སྣོན་བྱས་པ་དང་འབྲེལ་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་དང་། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཐེབས་རྩ་དོ་དམ། བེད་སྤྱོད་བྱེད་ཚུལ་བཅས་ལ་ལྟ་སྐུལ་བྱ་རྒྱུའི་གཏན་འབེབས་ཀྱང་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།