འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཧི་མ་ལ་ཡའི་རིག་མཛོད་ཆེན་མོས་བོད་ཀྱི་བསྟན་བཅོས་ལེགས་སྒྲིག་དཔེ་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧི་མ་ལ་ཡའི་རིག་མཛོད་ཆེན་མོས་བོད་ཀྱི་བསྟན་བཅོས་ལེགས་སྒྲིག་དཔེ་སྐྲུན་བྱས་པ།
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་དུ་བོད་ཀྱི་བསྟན་བཅོས་ཀྱི་གྲངས་འབོར་ནི་རྒྱ་ཡིག་བསྟན་བཅོས་རྗེས་སུ་ཡིན་ཞིང་། ད་ལྟ་བོད་ཁུལ་ཁོ་ནར་ཉར་ཚགས་བྱས་ཡོད་པའི་བོད་ཀྱི་བསྟན་བཅོས་ཁག་དེབ་གྲངས་ཁྲི་བརྒྱ་ལྷག་ཡོད་པ་རེད། སྤྱི་ལོ་དུས་རབས་7པར་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་མཛད་པ་ནས་བཟུང་བོད་ཡིག་གི་ཐོག་ནས་ཟིན་འགོད་བྱས་པའི་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་བསྟན་བཅོས་རྣམས་ལོ་ངོ་སྟོང་ལྷག་ཕྱིན་ཡོད་པ་མ་ཟད། གྲངས་འབོར་མང་ཞིང་ནང་དོན་གཏིང་ཟབ་ལ། ཁེབས་རྒྱ་ཆེ་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་ཚད་ལྡན་ཡིག་ཆའི་ཨང་དང་པོར་ཟིན་ཡོད་པ་རེད། 
         2012ལོར། ཚེ་རིང་རྡོ་རྗེ་ཡིས་ཧི་མ་ལ་ཡའི་རིག་མཛོད་ཆེན་མོ་དང་དེ་དང་མིང་གཅིག་མཚུངས་ཡིན་པའི་གཞུང་ཕྱོགས་ཀྱི་དྲ་ཚིགས་བཙུགས་པ་མ་ཟད། མགྱོགས་མྱུར་དུ་བོད་ཡིག་བསྟན་བཅོས་འཚོལ་བསྡུ་བྱེད་འགོ་ཚུགས་པ་རེད། ཁོང་གིས་བོད་ཀྱི་བསྟན་བཅོས་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་ཐབས་གསུམ་ནས་བྱས་པ་སྟེ། གཅིག་ནི་ཞལ་འདེབས་ཕུལ་བ་དང་ལེན་དང་བརྙན་པར་ལེན་པའི་ཐབས་ལམ་ནས་བོད་ཁུལ་དམངས་ཁྲོད་དང་དགོན་སྡེ་ཆེ་གྲས་ཁག་ཏུ་ཡོད་པའི་རིན་ཐང་ཆེ་བའི་ཚད་ལྡན་ཡིག་ཆ་དག་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པ་དང་། གཉིས་ནི་བརྙན་པར་ལེན་པ་དང་ལུགས་མཐུན་གྱི་བྱེད་ཐབས་གཞན་གྱི་ལམ་ནས་རྒྱལ་ནང་གི་ཞིབ་འཇུག་ལས་ཁུངས་རིགས་ཁག་དང་དམངས་ཁྲོད་རིག་རྫས་བསྡུ་ཉར་བྱེད་མཁན་གྱིས་བསྡུ་ཉར་བྱས་པའི་བོད་ཀྱི་ཚད་ལྡན་ཡིག་ཆ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པ། གསུམ་ནི་ཁྲིམས་མཐུན་གྱི་ཐབས་ལམ་ལ་བརྟེན་ནས་ཕྱི་རྒྱལ་དུ་རིག་རྫས་བསྡུ་ཉར་བྱེད་མཁན་དང་ཞིབ་འཇུག་ལས་ཁུངས་ཀྱི་ལག་ཏུ་ཤོར་བའི་བོད་ཡིག་ཚད་ལྡན་ཡིག་ཆ་འཚོལ་བསྡུ་དང་བསྡུ་ཉོ་བྱས་པ་རེད།
         ཧི་མ་ལ་ཡའི་རིག་མཛོད་ཆེན་མོས་དཔེ་སྐྲུན་བྱས་པའི་དཔེ་ཚོགས་ཆ་ཚང་དང་པོ་ནི་《བོ་དོང་པན་ཆེན་གྱི་གསུང་འབུམ་ཆེན་མོ་བཞུགས་སོ།།》ཞེས་པ་འདི་ཡིན་ཞིང་། ཉེ་རབས་སུ་འཛམ་གླིང་གི་ཁྱབ་ཁོངས་སུ་གསུང་འབུམ་ཆེན་མོ་འདི་དཔེ་སྐྲུན་བྱ་རྒྱུའི་འཆར་གཞི་ཐེངས་བདུན་འགོད་མྱོང་མོད། ཡིན་ནའང་ལས་གཞིའི་རྒྱ་ཧ་ཅང་ཆེ་ཞིང་། ནང་དོན་འབོར་ཆེ་བ། མ་ཡིག་ཆ་མི་ཚང་བ་སོགས་ཀྱི་དབང་གིས་ལེགས་འགྲུབ་བྱུང་མེད་པ་རེད། ཚེ་རིང་རྡོ་རྗེ་ཡིས་ངོ་སྤྲོད་བྱས་དོན"ང་ཚོས་སྡུད་སྒྲིག་བྱེད་སྐབས་གཞིར་བཟུང་བའི་དཔེ་གཞི་གཅིག་ནི་1976ལོར་ཕྱི་རྒྱལ་དུ་ཡོད་ལ། མིག་སྔར་འཛམ་གླིང་ཐོག་ཕྱག་བྲིས་དཔེ་དེབ་གཅིག་ཁོ་ན་ཡང་ཡིན་པ་ཞིག་དང་། གཉིས་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་པུ་ཏི་འདྲ་པར་དེབ་ཡིན"ཞེས་བཤད་པ་རེད། 
         ལོ་གསུམ་རིང་དུ་ལེགས་སྒྲིག་དང་པར་ཞུ་དཔྱད་བསྡུར་བྱས་པ་མ་ཟད། ཝང་ཡའོ་དང་། ཐུབ་བསྟན་ཉི་མ། དོར་ཞི་རིན་པོ་ཆེ་སོགས་བོད་རིག་པ་མཁས་དབང་བཅུ་གཅིག་བཅས་ཀྱིས་གཟིགས་ཞུས་གནང་རྗེས་2014ལོའི་ཟླ་10པར་《བོ་དོང་པན་ཆེན་གྱི་གསུང་འབུམ་ཆེན་མོ་བཞུགས་སོ།།》ཞེས་པ་དེ་དངོས་སུ་དཔེ་སྐྲུན་བྱས་པ་དང་། གསུང་འབུམ་ཆེན་མོ་དེར་ཁྱོན་བསྡོམས་པུ་ཏི་95དང་། ཡིག་འབྲུ་ཁྱོན་བསྡོམས་ཁྲི་ཚོ་སྟོང་ཕྲག་4ལས་བརྒལ་བ་རེད། གོང་གི་པར་རིས་ནི་ཚེ་རིང་རྡོ་རྗེ(གཡོན་)དང་ཐང་ག་ཀརྨ་སྒར་བྲིས་ཀྱི་མཚོན་བྱེད་རྒྱུད་འཛིན་པ་ཀརྨ་བདེ་ལེགས་རིན་པོ་ཆེ་(དབུས་)གཉིས་ཀྱི་མཉམ་པར་ཡིན་པ། ཀྲུང་གོའི་བོད་ལྗོངས་དྲ་བ་ལས་དྲངས། 
    རིག་མཛོད་ཆེན་མོར་ཉར་ཚགས་དཔེ་དེབ་གྲངས་འབོར་མང་ལ་རིགས་ཕྱེ་ཞིབ་ཅིང་ཕྲ་བ་བྱས་ཡོད་པ།
    རིག་མཛོད་ཆེན་མོར་ཉར་ཚགས་དཔེ་དེབ་གྲངས་འབོར་མང་ལ་རིགས་ཕྱེ་ཞིབ་ཅིང་ཕྲ་བ་བྱས་ཡོད་པ།
    ཧི་མ་ལའི་རིག་མཛོད་ཆེན་མོའི་རྩོམ་སྒྲིག་མི་སྣ།
    ཧི་མ་ལའི་རིག་མཛོད་ཆེན་མོའི་རྩོམ་སྒྲིག་མི་སྣ།
      

    ཕྱོགས་བསྡུས་གསར་འགྱུར།