འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཐོན་རྗེས་མའི་རིམ་འདས་རྩིས་འཁོར་གྱི་མ་དབྱིབས་འཕྲུལ་འཁོར་བཟོ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་ཐོན་རྗེས་མའི་ཧྲེན་ཝེ་Eརིམ་པའི་མ་དབྱིབས་འཕྲུལ་འཁོར་དེ་ཉེ་ཆར་ཧྲན་ཏུང་ཅི་ནན་དུ་བཟོ་འགོ་ཚུགས་པ་དང་མ་དབྱིབས་འཕྲུལ་འཁོར་དེ་2018ལོའི་ཟླ་6པར་བཟོས་ཟིན་ནས་བེད་སྤྱོད་གཏོང་ཐུབ་བཟོ་ཡོད།
           གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཧྲེན་ཝེ་མ་དབྱིབས་འཕྲུལ་འཁོར་དེ་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི“Eརིམ་པའི་རྩིས་འཁོར་གྱི་འགག་རྩའི་ལག་རྩལ་ཞིབ་བཤེར་ར་སྤྲོད་མ་ལག”གི་རྣམ་གྲངས་ཁོངས་སུ་གཏོགས་པ་དང་དེ་ནི་རྒྱལ་ཁབ་མཉམ་སྒྲུབ་རྩིས་འཁོར་འདུ་འགོད་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཁབ་རིམ་འདས་རྩིས་འཁོར་ཅི་ནན་ལྟེ་གནས་དང་མཉམ་དུ་ཞིབ་འཇུག་བྱས་ནས་བཟོ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་རྒྱལ་ཁབ་ཀྱི་རིམ་འདས་རྩིས་འཁོར་ཅི་ནན་ལྟེ་གནས་ལ་དོན་འཁྱོལ་བྱ་རྒྱུ་རེད། རྣམ་གྲངས་དེ་བཟོས་ཟིན་ནས་རྩིས་འཁོར་གྱི་ཉེར་སྤྱོད་ཞབས་ཞུ་སྒྲུབ་རྗེས་རང་རྒྱལ་གྱི་རྒྱ་མཚོའི་ཚན་ཞིབ་དང་། གནམ་གཤིས། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། སྐྱེ་དངོས་ཆ་འཕྲིན་སོགས་ཁྱབ་ཁོངས་གྱི་ཞིབ་འཇུག་དང་འཕེལ་རྒྱས་ལ་སྔར་བས་འདེགས་སྐྱོར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།