འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱིས་ཐུན་མོང་ཐོག་དུག་བཅད་ཀྱི་འཕེལ་རྒྱས་ལམ་སྲོལ་
    ཐོག་མ་གཏོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་དུག་བཅད་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་པེ་ཅིང་དུ་འཛོམས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་དུག་བཅད་ལས་དོན་གྱི་ཐུན་མོང་འཕེལ་རྒྱས་ཀྱི་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་མ་ཟད། 《པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་དུག་བཅད་ལས་དོན་ཐུན་མོང་འཕེལ་རྒྱས་ཀྱི་མཉམ་ལས་གྲོས་མཐུན་》ལ་མིང་རྟགས་བཀོད་པ་རེད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱིས་དུག་བཅད་ལག་བསྟར་རོགས་ལས་དང་། དུག་བཅད་ཐོན་ཁུངས་མཉམ་སྤྱོད། དུག་བཅད་ཤེས་ལྡན་པ་དང་རིག་གཞུང་སྤེལ་རེས་སོགས་ཕྱོགས་གསུམ་ཐད་འཕྲལ་སྡོམ་ཐག་གཅོད་མཉམ་འགུལ་དང་། བཀོད་སྒྲིག་སློབ་སྐྱོར་རོགས་རེས། དུག་བཅད་བདེ་ཐང་སླར་གསོ་དྲིལ་བསྒྲགས། བརྙན་ལམ་ངོ་འཕྲད་སྦྲེལ་མཐུད། དུག་བཅད་སྨན་བཅོས་མཉམ་ལས། སློབ་གསོར་བརྟེན་ནས་ཐོན་ཁུངས་མཉམ་སྤྱོད། ཤེས་ལྡན་པ་སྤེལ་རེས་གསོ་སྐྱོང་། དུག་བཅད་རིགས་པའི་གཞུང་ལུགས་ཞིབ་བསྡུར་སོགས་ལས་ཀའི་ལམ་སྲོལ་14འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་རེད། ས་ཁུལ་གསུམ་གྱིས་ད་དུང་དུག་བཅད་ལས་དོན་གྱི་ཐུན་མོང་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་ཆུང་ཐུན་མོང་ཐོག་བཙུགས་པ་མ་ཟད་ལས་སྒོའི་ཁྱབ་ཁོངས་ཁག་ཏུ་ལས་སྒོའི་སྤེལ་རེས་ཚོགས་ཆུང་བཙུགས་ནས་ལས་ཀའི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་དང་གྲོས་མཐུན་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་རེད།
          པེ་ཅིང་གྲོང་ཁྱེར་དུག་བཅད་དོ་དམ་ཅུས་ཀྱི་ཅུས་ཀྲང་ཏའེ་ཅན་ཧའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 《མཉམ་ལས་གྲོས་མཐུན་》ནང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་དུག་བཅད་ལས་དོན་ཐུན་མོང་འཕེལ་རྒྱས་ཀྱི་བྱ་སྤྱོད་ཕྱོགས་སྟོན་དང་ལམ་ཐིག་དཔེ་རིས་གཏན་འཁེལ་བྱས་ནས་ས་ཁུལ་གསུམ་གྱི་དུག་བཅད་ལས་ཁུངས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་པ་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་མཉམ་ལས་གྲོས་མཐུན་གྱི་ལག་ལེན་འབྲས་བུ་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུན་ཆད་མེད་པར་སྲ་བརྟན་དང་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། དུག་བཅད་ལས་སྒོའི་ལས་དོན་ཁག་ས་ཁོངས་དེ་བས་ཆེ་བ་དང་། རིམ་པ་དེ་བས་མཐོ་བའི་ཐོག་རོགས་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ། དུག་བཅད་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཐུན་མོང་འཕེལ་རྒྱས་ཆེད་དེ་བས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་སྐྲུན་དགོས།
      

    ཕྱོགས་བསྡུས་གསར་འགྱུར།