འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཁའ་འགྲུལ་ཁྲེན་ཏུའུ་ནས་ཀ་ཏ་མན་རྡུ་རུ་འཕུར་བའི་ཚོད་ལྟ་
    ལེགས་འགྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ༄༅།།བོད་ལྗོངས་མཁའ་འགྲུལ་ཁྲེན་ཏུའུ་ནས་ཀ་ཏ་མན་རྡུ་རུ་འཕུར་བའི་ཚོད་ལྟ་
ལེགས་འགྲུབ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་19ཉིན་གྱི་ཆུ་ཚོད་19:40ཐོག དར་ཚོན་སྣ་ལྔའི་དར་ལྕོག་བཏགས་ཡོད་པའི་མཁའ་འགྲུལ་A319ལྷིང་འཇགས་ངང་ཀ་ཏ་མན་རྡུའི་ཐེ་ལི་པུའུ་ཝང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས་པ་རེད། འདིས་བོད་ལྗོངས་མཁའ་འགྲུལ་ཁྲེན་ཏུའུ་ནས་ཀ་ཏ་མན་རྡུ་རུ་ཕྱིར་འཕུར་བའི་ཚོད་ལྟ་བདེ་བླགས་ངང་ལེགས་འགྲུབ་བྱུང་བ་མཚོན་པ་རེད། ཐེངས་འདིའི་ཚོད་ལྟའི་དམིགས་ཡུལ་གཙོ་བོ་ནི་བོད་ལྗོངས་མཁའ་འགྲུལ་དེ་མཁའ་ལམ་འདི་ནས་བདེ་འཇགས་ངང་འཕུར་བསྐྱོད་ཐུབ་པ་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་སྲུང་ནུས་པར་ར་སྤྲོད་པའི་ཆེད་དུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཁྲེན་ཏུའུ་ནས་ཀ་ཏ་མན་རྡུ་བར་གྱི་མཁའ་ལམ་ནི་སྔོན་དུ་ཚོད་ལྟའི་ངང་འཕུར་རྒྱུའི་རེ་བ་ཞུས་ཡོད་པ་དང་། ཀྲུང་གོ་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱིས་དམངས་སྤྱོད་མཁའ་འགྲུལ་དོ་དམ་གཙོ་བོའི་སྡེ་ཁག་གིས་ཐེངས་མང་སྙོམས་སྒྲིག་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་ཀྱི་དམངས་སྤྱོད་མཁའ་འགྲུལ་སྡེ་ཁག་ནས་ཆོག་མཆན་ཐོབ་པ་དང་། བདེ་བླག་ངང་འཕུར་བའི་ཚོད་ལྟ་ལེགས་འགྲུབ་བྱུང་བ་རེད། གོང་གི་པར་རིས་ནི་དར་ཚོན་སྣ་ལྔའི་དར་ལྕོག་བཏགས་པའི་མཁའ་འགྲུལ་A319ལྷིང་འཇགས་ངང་ཀ་ཏ་མན་རྡུའི་ཐེ་ལི་པུའུ་ཝང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས་པ། 
    བོད་ལྗོངས་མཁའ་འགྲུལ་ལས་བྱེད་མི་སྣས་ཁྲེན་ཏུའུ་ནས་ཀ་ཏ་མན་རྡུ་བར་མཁའ་འགྲུལ་འཕུར་བའི་ཚོད་ལྟ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ།
    བོད་ལྗོངས་མཁའ་འགྲུལ་ལས་བྱེད་མི་སྣས་ཁྲེན་ཏུའུ་ནས་ཀ་ཏ་མན་རྡུ་བར་མཁའ་འགྲུལ་འཕུར་བའི་ཚོད་ལྟ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ།
    བོད་ལྗོངས་མཁའ་འགྲུལ་གཙོ་གཉེར་པའི་ལས་རོགགས་དང་ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སིའི་འགོ་ཁྲིད་ཀྲའོ་གོ་ཆང་(གཡས་)གིས་ཀ་ཏ་མན་རྡུའི་ཐེ་ལི་པུ་ཝང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བོད་ལྗོངས་མཁའ་འགྲུལ་འཕུར་བའི་ཚོད་ལྟ་ཚོགས་ཆུང་ལ་ཁ་བཏགས་བསྒྲོན་པ།

    ཕྱོགས་བསྡུས་གསར་འགྱུར།