འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཆབ་མདོས“དྲ་སྦྲེལ་+”དང་ཟུང་འབྲེལ་བྱས་ནས“སོར་རྩེའི་ཏང་འཛུགས་
    སྐྱོང”གསར་གཏོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོ་ནས་བཟུང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་བྱེད་སྟངས་གསར་གཏོད་ཀྱིས“དྲ་སྦྲེལ་+”དང་ཟུང་འབྲེལ་ཐོག“དྲ་ཐོག་ཚོང་དོན”ལས་སྟེགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གོམ་སྟབས་གཅིག་མཚུངས་ངང་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རམ་འདེགས་བྱས་པ་རེད།
           ཏང་འཛུགས་སྐྱོང་ལས་ཀའི“འཐབ་ས་གསར་པ”བསྐྲུན་ཅིང་། གྲོང་ཁྱེར་རིམ་པའི་ཏང་འཛུགས་སྐྱོང་ལས་ཀའི་དྲ་ཚིགས་དང་། གཞུང་ཕྱོགས་དཔོད་ཆུང་། “ཆབ་མདོའི་ཏང་འཛུགས་སྐྱོང”ཞེས་པའི་སྐད་འཕྲིན་སྤྱི་རྟགས་བཅས་གཙོ་བོར་འཛིན་པ་དང་། རྫོང་རིམ་པའི་ཏང་འཛུགས་སྐྱོང་གི་སློབ་སྦྱོང་དྲ་ཚིགས་དང་། སྒུལ་བདེའི་འཕྲིན་ཐུང་། “ལེགས་བཟང་སྨར་ཁམས”དང་། “དྲ་འཕྲིན་མཛོ་སྒང”“རབ་མཛེས་དཔལ་འབར”སོགས་སྐད་འཕྲིན་སྤྱི་རྟགས་ལས་ཏང་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱེད་པའི་དོ་དམ་ལས་སྟེགས་བསྐྲུན་ཏེ་ཏང་ཡོན་ལ་ཉིན་གང་སྒོ་དབྱེ་བའི་དྲ་རྒྱའི་འཚོ་བའི་འཐབ་ས་ཞིག་བཏོད་པས་ཏང་འཛུགས་སྐྱོང་ལས་དོན་ལ་དེ་བས་ཡིད་དབང་འགུག་ཤུགས་ལྡན་པ་དང་གསོན་ཤུགས་རྒྱས་ཡོད། ཏང་ཡོན་གྱིས“གནས་སའི་ལས་ཁུངས+གོ་གནས+མིང་+འབྲེལ་གཏུག་བྱ་ཡུལ”བཅས་རང་མིང་འགོད་ལམ་ཐོག་ནས“སྐད་འཕྲིན་དཔོད་ཆུང་དང་དུད་སྣེ་གཅིག”གི་དོ་དམ་ལས་སྟེགས་ལ་ཞུགས་ཏེ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་དྲ་གཤམ་ནས་དྲ་ཐོག་ལ་ཁྱབ་པ་དང་། བྱེད་སྒོའི་གཞི་རྟེན་དེ་བས་སྟབས་བསྟུན། བྱེད་སྒོའི་ནང་དོན་དེ་བས་ཕུན་སུམ་ཚོགས་པ་བཅས་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད། ལས་སྟེགས་བསྐྲུན་པ་ནས་བཟུང་། ཏང་ཀྲི་པུའུ་ཁག་གིས་རིམ་རྩིས་བརྒྱབ་ན་བྱེད་སྒོ་སྣ་ཚོགས་180ལྷག་ཙམ་སྤེལ་བར་གྲོང་ཁྱེར་དེ་ཡོངས་ཀྱི་ཏང་ཡོན་གྱིས་དང་ལེན་ཧུར་ཐག་ཞུས་ཡོད་པ་རེད།
            ཏང་འཛུགས་སྐྱོང་སློབ་སྦྱོང་གི“སློབ་ཚན་གསར་པ”བཟོས་ཤིང་། ལྗོངས་བབ་གནས་ཚུལ་དང་། གཞི་རིམ་ཏང་འཛུགས་སྐྱོང་། ཏང་སྲོལ་སྲིད་གཙང་། གནད་སྨིན་དབུལ་སྐྱོར། མི་རིགས་མཐུན་སྒྲིལ་ཡར་ཐོན། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལེ་ཚན་བྱང་བཟོས་ཏེ་དུས་བཀག་ནང་ཏང་གི་སྒྲིག་སྲོལ་སྒྲིག་ལམ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་ཤེས་བྱ། ཏང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བཅས་བརྙན་ཐུང་དང་། སྒྲ་ཕབ། པར་རིས་སོགས་ཀྱི་རྣམ་པའི་ཐོག་ནས་སྐད་འཕྲིན་ཐོག་གཏོང་སྤེལ་བྱས་པ་དང་། སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་ཚོགས་འདུའི་ཐོག་གཅིག་སྡུད་སློབ་སྦྱོང་བྱེད་པ་ནས་ལག་ཐོགས་ཁ་པར་ཐོག་སྟབས་བསྟུན་སྦྱོང་བ་དང་ཡིག་ཆ་སྒྲོག་སྦྱངས་ཙམ་གྱིས་སྦྱོང་བ་ནས་དུས་ངེས་མེད་དུ་སྟབས་བསྟུན་སྦྱོང་བའི་བར་བསྒྱུར་བས་ཏང་འཛུགས་སྐྱོང་ལས་དོན“སོར་རྩེའི་དུས་རབས”ལ་སླེབས་ཡོད། ལས་སྟེགས་ཤར་གཏོང་བྱས་པ་ནས་བཟུང་། ཆ་སྙོམས་ལས་ཀའི་ཉིན་མོ་རེར“ཡི་གེ་དང་པར་རིས”དང“བརྙན་ཐུང་དང་ཡི་གེའི”ཏང་འཛུགས་སྐྱོང་ཆ་འཕྲིན་2ནས་4བར་གཏོང་སྤེལ་བྱས་པར་རིམ་རྩིས་བརྒྱབ་ན་ལས་ཞུགས་སྐོང་བསྡུ་དང་ཞིང་ལས་ཉེར་མཁོའི་ལག་རྩལ་སོགས་ཀྱི་ཆ་འཕྲིན་སྣ་ཚོགས་120ལྷག་ཙམ་གཏོང་སྤེལ་བྱས་ཡོད།
           ཏང་འཛུགས་སྐྱོང་ལས་ཕྱུག་འགྱུར་སྐུལ་ཁྲིད་ཀྱི“སྦྲེལ་ཐག་གསར་པ”བཙུགས་ཤིང་། ཕྱོགས་མང་ཐོན་ཁུངས་ཕྱོགས་བསྡུས་ཐོག་སྤྱད་དེ་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་རབ་དང་རིམ་པ་དེ་དག་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་མདུན་མར་བརྩིས་ཏེ་དྲ་ཐོག་ཚོང་དོན་ཁྱབ་སྤེལ་ཧུར་ཐག་བཏང་བ་དང་། “ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་གྲོང་གསེབ་ཏུ་འཚོང་བ་དང་། ས་མཐོའི་ཞིང་ཞོར་ཁྱད་ལྡན་ཐོན་རྫས་གྲོང་ཁྱེར་དུ་འཚོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་མཚམས་སྦྱོར་དྲ་ཐོག་ཏུ་སྤེལ་བ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། ཞིང་ལས་དང་། ཚོང་དོན། ཡུལ་སྐོར། སྦྲག་སྲིད་ཟོག་འགྲེམས་སོགས་སྡེ་ཚན་དང་མཐུན་སྦྱོར་གྱིས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ནུས་པ་གང་ལེགས་བཏོན་པས་ཞིང་འབྲོག་ཁུལ་གྱི་ངལ་ནུས་དང་། ཞིང་འབྲོག་ཐོན་རྫས། གྲོང་གསེབ་ཡུལ་སྐོར། ཁྱད་ལྡན་ཐོན་ལས་སོགས་དྲ་ཐོག་ཏུ་མཚམས་སྦྱོར་ཚོང་གཉེར་ཐུབ་པ་མ་ཟད་གཞི་རིམ་གྱི་ཏང་ཡོན་དབུལ་པོ་དང་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ཐབས་ལམ་ཡང་ཡངས་སུ་ཕྱིན་ཡོད། མཛོ་སྒང་རྫོང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཀྱི་བརྙན་ཐུང་47བཟོས་ཏེ་ཏང་འཛུགས་སྐྱོང་སློབ་སྦྱོང་གི་དྲ་ཚིགས་ཐོག་དྲིལ་བསྒྲགས་ཁྱབ་སྤེལ་བཏང་ནས“དྲ་སྦྲེལ+ཏང་འཛུགས་སྐྱོང་+དབུལ་སྒྲོལ”གྱི་དཔེ་མཚོན་གསར་པ་ཞིག་བཏོད་པ་དང་། དཔའ་ཤོད་རྫོང་གིས“དྲ་སྦྲེལ་+”ཚད་བརྒལ་བྱ་གཞིར་བྱས་ཏེ་ཐོན་ཁུངས་ལེགས་འདེམས་ལ་དམིགས་ནས“དྲ་ཐོག་ཚོང་དོན་ཟོག་འགྲེམས”ཀྱི་ཏང་འཛུགས་སྐྱོང་ཞབས་ཞུའི་ལས་སྟེགས་གསར་པ་གསར་གཏོད་ཧུར་ཐག་བྱས་པ་དང“ཏང་ཀྲི་པུའུ་+དྲ་ཐོག་ཚོང་དོན་+ཏང་ཡོན་+ཞིང་དུད”བཅས་ཀྱི་རྣམ་པ་གསར་གཏོད་ཧུར་ཐག་གཏོད་དེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གོམ་སྟབས་གཅིག་མཚུངས་ངང་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རམ་འདེགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།