འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་གྲི་མགར་བ་བུ་ཟླ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་གྲི་མགར་བ་བུ་ཟླ་བ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་བུ་ཟླ་བ། གཞིས་ཀ་རྩེ་ནས་ལྷོ་ནུབ་ཏུ་ལམ་ཐག་སྤྱི་ལེ་150ཡོད་པའི་ལྷ་རྩེ་གྲོང་རྡལ་ལྷ་རྩེ་གྲོང་ཚོར་བོད་རང་སྐྱོང་ལྗོངས་ལྷ་རྩེ་བོད་གྲི་མགར་བའི་ལག་རྩལ་མཚོན་བྱེད་རང་བཞིན་གྱི་རྒྱུད་འཛིན་པ་བུ་ཟླ་བ་གནས་སྡོད་བྱེད་ཡོད་པ་དང་། བུ་ཟླ་བ་ནི་ཁྱིམ་རྒྱུད་འདིའི་རྒྱུད་འཛིན་པ་མི་རབས་དྲུག་པ་ཡིན་ཞིང་། ཁྱིམ་རྒྱུད་འདིའི་ལག་རྩལ་དེ་རྒྱུད་འཛིན་ལོ་100ལྷག་བྱས་ཡོད་པ་རེད། བུ་ཟླ་བས་མགར་བའི་བོད་གྲི་ནི་གྲིའི་དངོ་དང་། རྡར་སྟངས། འོད་འདོན་པ་བཅས་ཀྱི་ལག་རྩལ་དང་།  གྲུ་ཤུབས་སྒྲིག་བཟོ་དང་། རི་མོ་རྐོ་བ། ཚོན་གཏོང་བ་སོགས་ཀྱི་ལག་རྩལ་བཟོ་རིམ་ཚང་མ་ནི་ལག་ཐབས་བཟོ་རྩལ་རེད། 2008ལོར། བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་ལྷ་རྩེ་རྫོང་བོད་ཀྱི་ལྕགས་རིགས་མགར་བའི་ལག་རྩལ་(བོད་གྲི་མགར་བའི་ལག་རྩལ་)ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་གཉིས་པར་བཀོད་པ་དང་། བུ་ཟླ་བ་ནི་ལག་རྩལ་དེ་ཉིད་རྒྱུད་འཛིན་པའི་ཡ་གྱལ་དུ་གྱུར་ཡོད།
    【1】  【2】  【3】  【4】  【5】
    ༄༅།།བོད་གྲི་མགར་བ་བུ་ཟླ་བ།
      

    ཕྱོགས་བསྡུས་གསར་འགྱུར།