འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེན་ནི་ཡ་རུ་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་ཞིག་དང་ཟོག་འདྲེན་རླངས་འཁོར་ཞིག་གདོང་
    གཏུག་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི་17རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན། ཁེན་ནི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཁེན་ནི་ཡའི་ལྷོ་རྒྱུད་ཀྱི་མཱ་ཁུ་ཨའེ་ཉི་ཅུན་ཅི་པུའུ་ཝེ་ཅི་ས་ཁུལ་དུ་ཉིན་དེའི་སྔ་དྲོར་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་ཞིག་དང་ཟོག་འདྲེན་རླངས་འཁོར་ཞིག་གདོང་གཏུག་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི་27རྐྱེན་ལམ་དུ་ཤོར་བ་དང་། གཞན་ད་དུང་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་བརྗོད།
         ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ནི་གོམ་གང་མདུན་སྤོས་ཀྱིས་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། རྨས་མ་ཁ་ཤས་ལ་རྨས་སྐྱོན་ཕོག་ཚད་ཚབས་ཆེ་བས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་མང་དུ་འགྲོ་སྲིད་ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།