འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་རིག་གནས་ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་《འུན་ཤིང་ཀོང་ཇོ་》སྐྱིད་
    ཆུ་འགྲམ་དུ་སླར་ཡང་འཁྲབ་སྟོན་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ཀྱི་རིག་གནས་ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་《འུན་ཤིང་ཀོང་ཇོ་》སྐྱིད་
ཆུ་འགྲམ་དུ་སླར་ཡང་འཁྲབ་སྟོན་བྱེད་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་དགོང་མོར་བོད་ཀྱི་རིག་གནས་ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་《འུན་ཤིང་ཀོང་ཇོ་》སླར་ཡང་ལྷ་སར་འཁྲབ་སྟོན་བྱེད་འགོ་བརྩམས་པ་རེད། ཟློས་གར་འདི་ནི་ལྷ་སའི་རང་བྱུང་རི་ཆུ་རྒྱབ་ལྗོངས་བྱས་ཏེ་ལོ་ངོ་1300ཡི་ཡར་སྔོན་དུ་ཐང་རྒྱལ་རབས་ཀྱི་འུན་ཤིང་ཀོང་ཇོ་ལེ་དབར་ཁྲི་ཕྲག་བརྒལ་བ་དང་། དཀའ་ཚེགས་ཚད་མེད་སྤྱད་དེ་གནང་འགྱོད་མེད་པའི་ངང་བོད་དུ་ཕེབས་པའི་གོ་རིམ་འཁྲབ་སྟོན་བྱས་པ་རེད། 2013ལོའི་ཟླ་8ཚེས་1ཉིན་ནས་དངོས་སུ་འཁྲབ་སྟོན་བྱེད་འགོ་བརྩམས་པ་ནས་བཟུང་། ཟློས་གར་འདི་འཁྲབ་སྟོན་དུས་ཚིགས་བཞིར་འཁྲབ་སྟོན་ལེགས་འགྲུབ་བྱས་ཡོད་པ་དང་། འཁྲབ་ཐེངས་622བྱས་ཡོད་ཅིང་། ཡུལ་སྐོར་བ་མི་ཐེངས་ཁྲི་115སྣེ་ལེན་ཞུས་པ་རེད། དེའི་ཁྲོད་དུ་2016ལོའི་འཁྲབ་སྟོན་དུས་ཚིགས་ལ་འཁྲབ་སྟོན་ཁྱོན་བསྡོམས་ཐེངས་186བྱས་པ་དང་། འཁྲབ་སྟོན་དང་ཡུལ་སྐོར་ཞབས་ཞུ་ཆ་འགྲིག་གིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་40ཙམ་སྣེ་ལེན་ཞུས་པ་རེད།
    ༄༅།།བོད་ཀྱི་རིག་གནས་ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་《འུན་ཤིང་ཀོང་ཇོ་》སྐྱིད་
ཆུ་འགྲམ་དུ་སླར་ཡང་འཁྲབ་སྟོན་བྱེད་འགོ་བརྩམས་པ།
    ༄༅།།བོད་ཀྱི་རིག་གནས་ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་《འུན་ཤིང་ཀོང་ཇོ་》སྐྱིད་
ཆུ་འགྲམ་དུ་སླར་ཡང་འཁྲབ་སྟོན་བྱེད་འགོ་བརྩམས་པ།
    ༄༅།།བོད་ཀྱི་རིག་གནས་ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་《འུན་ཤིང་ཀོང་ཇོ་》སྐྱིད་
ཆུ་འགྲམ་དུ་སླར་ཡང་འཁྲབ་སྟོན་བྱེད་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།