འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་ཀ་རྩེའི་ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་ལོ་མཇུག་ལ་ཡོངས་སུ་ལེགས་འགྲུབ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན། བལ་ཡུལ་དུ་4•25ས་ཡོམ་ཚབས་ཆེན་པོ་བྱུང་ནས་ལོ་གཉིས་འཁོར་བའི་སྔ་ནུབ་ཏུ་གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། གཞིས་ཀ་རྩེའི་གནོད་འཚེ་ཐེབས་རྗེས་བསྐྱར་སྐྲུན་ལས་འགན་ནི་2017ལོའི་ལོ་མཇུག་ལ་ཡོངས་སུ་ལེགས་འགྲུབ་བྱ་རྒྱུ་རེད།
         2015ལོའི་ཟླ་4ཚེས་25ཉིན། བལ་ཡུལ་དུ་ས་ཡོམ་རིམ་པ་8.1བྱུང་བ་དང་། འདི་དང་བར་ཐག་རི་གཅིག་ལས་མེད་པའི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྫོང་(ཆུས་)18ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ནས་གྲོང་ཁྱེར་ཡོངས་ཀྱི་མི་གྲངས་ཁྲི་30ལྷག་ལ་གནོད་འཚེ་ཐེབས་ཡོད་པ་དང་། གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་དོ་སྣང་བྱ་ཡུལ་ཆེན་པོར་གྱུར་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་གནོད་འཚེ་ཐེབས་རྗེས་བསྐྱར་སྐྲུན་ལ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་111.48(མི་དམངས་ཤོག་སྒོར)བཏང་བ་དང་། མིག་སྔའི་བར་དུ་མ་དངུལ་སྒོར་དུང་ཕྱུར་71.75ཡི་ལས་འགན་ལེགས་འགྲུབ་བྱས་པ་དང་། དེའི་ཁྲོད་དུ་ཁྱད་ཆོས་ལྡན་པའི་གྲོང་རྡལ་32འཛུགས་སྐྲུན་བྱ་རྒྱུའི་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་12.57གྱི་ལས་འགན་ལེགས་འགྲུབ་བྱས་པ་རེད། 
         གཞིས་ཀ་རྩེ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་པ་སངས་ཀྱིས་ལོ་གཉིས་རིང་གི་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་དེ་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་རྒྱུར་དམིགས་ནས་སྤེལ་བ་དང་། དམངས་སྤྱོད་སྡོད་ཁང་བསྐྱར་སྐྲུན་བྱ་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་བྱ་རྒྱུ་ལས་ཀ་ཕུད། རྫོང་དང་ཤང་མི་འདྲ་བའི་དམངས་སྲོལ་རིག་གནས་དང་དེ་བཞིན་ཐོན་ཁུངས་ཁྱད་ཆོས་སྔོག་འདོན་བྱས་ནས་ཡུལ་སྐོར་དང་། མཐའ་མཚམས་ཉོ་ཚོང་། མི་རིགས་ཀྱི་རིག་གནས་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཛུགས་སྐྲུན་བྱས་ཐོག་ཐོན་ལས་ཀྱིས་གནོད་འཚེ་ཐེབས་པའི་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚོད་ཇེ་མཐོར་གཏོང་བར་སྐུལ་ཁྲིད་བྱ་རྒྱུར་དོ་སྣང་དེ་བས་ཆེན་པོ་བྱས་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།