འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི"ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོའི"བྱེད་སྒོ་གཙོ་བོ་ཤིས་
    ཨན་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན་བཟོ་འཕྲིན་པུའུ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས། ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་སྤེལ་བའི་2017ལོའི“ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོའི”བྱེད་སྒོ་གཙོ་བོ་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་གྱི་ནུབ་བྱང་བཟོ་ལས་སློབ་ཆེན་དུ་དངོས་སུ་འགོ་ཚུགས་པ་རེད།
         འདི་ལོའི“ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོའི”བརྗོད་དོན་གཙོ་བོ་ནི“འཇིག་རྟེན་འཕུར་སྐྱོད་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད”ཅེས་པ་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་འཇིག་རྟེན་འཕུར་སྐྱོད་ཀྱི་ཉེར་སྤྱོད་ལ་དམིགས་པ་དང་འཇིག་རྟེན་འཕུར་སྐྱོད་ལག་རྩལ་གྱིས་དམངས་འཚོར་བདེ་སྐྱིད་སྐྲུན་པ་དང་། མི་སེར་ལ་ཕན་པ་འདོགས་པ། མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་མངོན་པ་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་ཤེས་བྱ་ཁྱབ་གདལ་དང་། གསར་གཏོད་རིག་གནས་སྐྱེད་སྲིང་། འཚོལ་ཞིབ་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱས་ཏེ་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དང་མིའི་རིགས་ཀྱི་བདེ་སྐྱིད་རྩ་བ་བརྟན་དུ་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
         འཇིག་རྟེན་འཕུར་སྐྱོད་ལས་རིགས་ཀྱི་འཐུས་མི་ཡིན་པའི་འཇིག་རྟེན་འཕུར་སྐྱོད་པ་ཀྲང་ཞའོ་ཀོང་དང“དུས་རབས་ཀྱི་དཔེ་བཟང་བ”ཞུས་ལི་ཕིང་གིས་གཏམ་བཤད་སྤེལ་ཏེ་ཁོང་ཚོ་དང་འཇིག་རྟེན་འཕུར་སྐྱོད་དབར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་གླེང་ཞིང་། འགོ་ཚུགས་མཛད་སྒོའི་ཐོག་ད་དུང“ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོའི”དར་ཆ་སྤྲོད་པ་དང་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་འཇིག་རྟེན་འཕུར་སྐྱོད་ཚན་རིག་ཁྱབ་གདལ་སློབ་གསོ་རྟེན་གཞིའི་སྒོ་བྱང་སྤྲོད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།