འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཟི་ལིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཚོགས་རའི་ཡུལ་དངོས།
    ཚོགས་རའི་ཡུལ་དངོས།
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་15ནས་16ཉིན་གཉིས་ཀྱི་རིང་ལ། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་འཚོགས་ལ། ཐེངས་འདིའི་ཚོགས་འདུ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་གཙོ་སྒྲུབ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོ་གྲ་སྒྲིག་ཚོགས་ཆུང་གིས་རོགས་སྒྲུབ་གནང་སྟེ་སྤེལ་བ་ཞིག་རེད།
          ཚོགས་འདུ་ཐོག་ཀྲུང་གོའི་རྩོམ་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལགས། རོང་བོ་དགོན་པའི་ཨ་ལག་ཤར་ཚང་། འདན་ཚང་དགེ་འདུན་དབང་ཕྱུག  བོད་ཀྱི་ཡིག་མཁན་གྲགས་ཅན་རྡོ་དགོན་གསང་བདག་རྡོ་རྗེ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཡན་ཝུའུ་དང་སློབ་གཙོ་བསོད་དོན་འགྲུབ། བོད་ཀྱི་གསོ་རིག་ཆེད་མཁས་པ་འཇིགས་མེད་ཕུན་ཚོགས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་འཇིགས་མེད་རྒྱལ་མཚན་སོགས་འབྲེལ་ཡོད་འགོ་ཁྲིད་དང་། གཞན་བོད་རང་སྐྱོང་ལྗོངས་དང་སི་ཁྲོན། ཀན་སུའུ། ཡུན་ནན། རང་ས་གནས་མཚོ་སྔོན་ཞིང་ཆེན་བཅས་ནས་ཕེབས་པའི་བོད་ཀྱི་ཡིག་མཁན་མི་སྣ་57དང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་སློབ་ཡོངས། སྤྱི་ཚོགས་ལས་རིགས་ཁག་གི་བོད་ཀྱི་ཡིག་གཟུགས་ལ་མོས་པ་ཡོད་པའི་མི་སྣ་སོགས་ཞུགས་ཡོད་པ་རེད། 
          ཚོགས་འདུ་ལས་རིམ་གསུམ་དུ་བགར་ཡོད་དེ། ལས་རིམ་དང་པོར་འབྲེལ་ཡོད་འགོ་ཁྲིད་རྣམ་པས་བོད་ཀྱི་ཡིག་གཟུགས་དང་འབྲེལ་བའི་གསུང་བཤད་གནང་བ་དང་། ལས་རིམ་གཉིས་པར་བོད་ཀྱི་ཡིག་མཁན་རྣམ་པས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྟེན་རྫས་བཤམས་སྟོན་ཁང་ལ་ཕུལ་བའི་ཡིག་གཟུགས་འགྲེམ་སྟོན་དང་། ཡིག་མཁན་རྣམ་པས་ཡུལ་དངོས་ནས་ཕྱག་བྲིས་གནང་བ། ལས་རིམ་གསུམ་པར་བོད་ཀྱི་ཡིག་གཟུགས་སྐོར་གྱི་བགྲོ་གླེང་དང་། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་མིང་དང་ཉིན་མོ་དེ་ཚོགས་ཐོག་ཏུ་དམངས་གཙོ་ངང་བགྲོ་གླེང་གྲོས་བསྡུར་བྱས་ཏེ། དུས་ཆེན་གྱི་མིང་ལ"བོད་ཀྱི་ཡིག་གཟུགས་དུས་ཆེན"དང་། དུས་ཆེན་གྱི་ཉིན་མོ་ནི"སྤྱི་ཟླ་4ཚེས་30ཉིན"ཡིན་པ་གཏན་འཁེལ་བྱས་པ་རེད། རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།
    ཀྲུང་གོའི་རྩོམ་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལགས་ཀྱིས་གསུངས་བཤད་གནང་བཞིན་པ།
    ཀྲུང་གོའི་རྩོམ་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལགས་ཀྱིས་གསུངས་བཤད་གནང་བཞིན་པ།
    ཡིག་མཁན་གྲགས་ཅན་རྡོ་དགོན་གསང་བདག་རྡོ་རྗེས་གསུངས་བཤད་གནང་བཞིན་པ།
    ཡིག་མཁན་གྲགས་ཅན་རྡོ་དགོན་གསང་བདག་རྡོ་རྗེས་གསུངས་བཤད་གནང་བཞིན་པ།
    ཡིག་གཟུགས་འགྲེམ་སྟོན།
    ཡིག་གཟུགས་འགྲེམ་སྟོན།
    རྒན་འཇིགས་མེད་ཆོས་དར་གྱིས་ཕྱག་བྲིས་གནང་བཞིན་པ།
    རྒན་འཇིགས་མེད་ཆོས་དར་གྱིས་ཕྱག་བྲིས་གནང་བཞིན་པ།
    རྒན་བསྟན་འཛིན་གྱིས་ཕྱག་བྲིས་གནང་བཞིན་པ།
    རྒན་བསྟན་འཛིན་གྱིས་ཕྱག་བྲིས་གནང་བཞིན་པ།
    ཚོགས་མིའི་མཉམ་པར།
    ཚོགས་མིའི་མཉམ་པར།
      

    ཕྱོགས་བསྡུས་གསར་འགྱུར།