འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལ་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་དོན་ཁྲི་
    1.7རྩད་ཆོད་ནས་གྱོད་འབྲེལ་རིན་ཐང་བསྡོམས་འབོར་སྒོར་
    དུང་ཕྱུར་46.26ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན། གསར་འགོད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་2016ལོའི་ཀྲུང་གོའི་ཤེས་ཡོན་གྱི་ཐོན་དངོས་བདག་དབང་གོང་དུ་འཕེལ་ཚུལ་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་གསལ། ན་ནིང་ལོ་ཧྲིལ་པོར་རང་རྒྱལ་གྱིས་གསར་གཏོད་ཀྱི་ཆེད་ཁེ་ཐོབ་རེ་ཞུ་ཡིག་བདག་སྤྲོད་བྱས་ཚད་ཁྲི་133.9ཟིན་པ་དང་། ཚོང་རྟགས་ཐོ་འགོད་ཞུ་ཡིག་ཁྲི་369.1བདག་སྤྲོད་བྱས་ཤིང་། ལོ་15བསྟུད་མར་འཛམ་གླིང་གི་ཨང་དང་པོ་བཟུང་བ་རེད། ཤེས་ཡོན་གྱི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ན་ནིང་ལོར་སྤྱི་བདེ་ལས་ཁུངས་ཀྱིས་ཤེས་ཡོན་གྱི་ཐོན་དངོས་དབང་ལ་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་དོན་ཁྱོན་བསྡོམས་ཁྲི་1.7རྩད་ཆོད་ནས་གྱོད་འབྲེལ་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་46.26ཟིན་པ་རེད།
       རྒྱལ་ཁབ་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེང་ཁྲང་ཡུས་གིས་ཆེད་ཁེའི་སྤུས་ཚད་མཐོར་གཏོང་ལས་གྲྭ་ལག་བསྟར་བྱེད་པར་སྐུལ་སྤེལ་ནན་ཏན་བཏང་སྟེ་ཆེད་ཁེ་རེ་ཞུ་དང་། ལས་ཚབ། ཞིབ་དཔྱད་། སྲུང་སྐྱོང་བཅས་དང་དེ་བཞིན་བེད་སྤྱོད་སོགས་ཀྱི་ལྷུ་ཚིགས་ལ་དམ་འཛིན་ནན་ཏན་བྱས་ནས་ཆེད་ཁེའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།