འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་25པའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་བདེ་བླག་ངང་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྐབས་25པའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་བདེ་བླག་ངང་མཇུག་བསྒྲིལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན་གྱི་ཕྱི་དྲོ་སྐབས་25པའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་ཀྱི་རྟིང་རྩོད་ཀྱི་འགྲན་བསྡུར་དུས་ལྟར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འགོ་ཚུགས་པ་དང་། ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད། མཉམ་འབྲེལ་རུ་ཁག་དང་། པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་རུ་ཁག ཀྲུང་གོའི་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་རུ་ཁག་བཅས་སོ་སོར་ལས་ཁུངས་འགྲན་བསྡུར་ཚོགས་ཆུང་གི་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་ཐོབ་པ་དང་། པེ་ཅིང་ལུས་རྩལ་སློབ་ཆེན་རུ་ཁག་དང་། ཀྲུང་དབྱང་ནོར་སྲིད་སློབ་ཆེན་རུ་ཁག ཀྲུང་གོའི་མི་དམངས་སྤྱི་བདེ་སློབ་ཆེན་རུ་ཁག་བཅས་སོ་སོར་སློབ་མའི་འགྲན་བསྡུར་ཚོགས་ཆུང་གི་སྐྱེས་པའི་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་ཐོབ་པ། ཀྲུང་གོའི་ཞིང་ལས་སློབ་ཆེན་རུ་ཁག་དང་། པེ་ཅིང་ཚན་རྩལ་སློབ་ཆེན་རུ་ཁག ཀྲུང་དབྱང་མི་རིགས་སློབ་ཆེན་རུ་ཁག་བཅས་སོ་སོར་སློབ་མའི་འགྲན་བསྡུར་ཚོགས་ཆུང་གི་སྐྱེས་མའི་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་ཐོབ་པ་རེད།
         བོད་རྒྱལ་སྲོང་བཙན་སྒམ་པོའི་མཚན་མིང་དུ་བཀོད་པའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་སྤོ་ལོ་འགྲན་ཚོགས་འདི་ནི་1988ལོར་གསར་དུ་གཉེར་འགོ་ཚུགས་ཤིང་། ད་ལྟའི་བར་དུ་ལོ་ངོ་20ལྷག་ཕྱིན་ཡོད་པ་རེད། འགྲན་ཚོགས་དེ་གཉེར་བ་ནས་བཟུང་སྤྱི་ཚོགས་ལ་གཅེས་སེམས་ལྡན་པའི་མི་སྣ་དང་འབྲེལ་ཡོད་སྡེ་ཁག་གི་དབུ་ཁྲིད་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། ལྷག་པར་དུ་སྐུ་གཤེགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཟུར་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱིས་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བ་མ་ཟད། “སྲོང་བཙན་སྐྱེས་བུམ”ཞེས་པའི་འགྲན་ཚོགས་ཀྱི་མིང་འདི་ཉིད་ཀྱང་ཕྱག་བྲིས་གནང་བ་རེད།
         སྐབས་འདིའི་འགྲན་བསྡུར་ལ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས། མི་རིགས་དཔེ་སྐྲུན་ཁང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཅས་དང་དེ་བཞིན་པེ་ཅིང་གི་སློབ་ཆེན་30ལྷག་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འོག པེ་ཅིང་དུ་ལས་ཀ་དང་། སློབ་གཉེར། འཚོ་གནས་བཅས་བྱེད་མཁན་བོད་རིགས་སྤུན་ཟླ་ཚོས་འབད་འབུངས་ཆེན་པོས་ཡར་རྒྱས་བརྩོན་ལེན་དང་། ཕན་ཚུན་སྤེལ་རེས། མཛའ་བརྩེ་གོང་སྤེལ་བཅས་བྱེད་པའི་བསམ་པའི་རྣམ་པ་ངོམ་སྟོན་བྱས་ཏེ་བདེ་བླག་ངང་མཇུག་བསྒྲིལ་བ་རེད། 
    མཉམ་འབྲེལ་རུ་ཁག་ལ་སྡེ་ཚན་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ།
    མཉམ་འབྲེལ་རུ་ཁག་ལ་སྡེ་ཚན་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ།
    སློབ་མའི་ཚོགས་ཆུང་སྐྱེས་པའི་ལུས་རྩལ་སློབ་ཆེན་རུ་ཁག་ལ་ཨང་དང་པོ་ཐོབ་པ།
    སློབ་མའི་ཚོགས་ཆུང་སྐྱེས་པའི་ལུས་རྩལ་སློབ་ཆེན་རུ་ཁག་ལ་ཨང་དང་པོ་ཐོབ་པ།
    སློབ་མའི་ཚོགས་ཆུང་སྐྱེས་མའི་ཞིང་ལས་སློབ་ཆེན་རུ་ཁག་ལ་ཨང་དང་པོ་ཐོབ་པ།
    སློབ་མའི་ཚོགས་ཆུང་སྐྱེས་མའི་ཞིང་ལས་སློབ་ཆེན་རུ་ཁག་ལ་ཨང་དང་པོ་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།