འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེ་ཝུའུ་ཆང་གིས་དེང་རབས་ཞིང་ལས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལ་རམ་
    འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཝུའུ་ཆང་རྫོང་གིས་དབུལ་སྐྱོར་ལས་དོན་དང་དེང་རབས་ཞིང་ལས་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཏེ་མོང་ཉིའུ་ཚོགས་པའི(ཧེང་ཧྲུའེ)རྩེར་སོན་འོ་མ་དང་དེང་རབས་འབྲོག་རའི་རྣམ་གྲངས་ལ་བརྟེན་ནས་བཞོན་མ་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ཝུའུ་ཆང་རྫོང་སྲིད་གཞུང་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་ཧེང་ཧྲུའེ་ཡན་ལག་དངུལ་ཁང་། ཝུའུ་ཆང་རྫོང་བཅས་ཀྱིས་མོང་ཉིའུ་ཚོགས་པའི་བླང་བྱ་དང་མཐུན་པའི་བཞོན་མ་གསོ་ཚགས་ཁེ་ལས“སྲིད་གཞུང་དང་། དངུལ་ཁང་། ཁེ་ལས”བཅས་ཕྱོགས་གསུམ་དབར་མཉམ་ལས་གྲོས་མཐུན་བཞག་སྟེ། “ཞིང་ལས་དངུལ་ཁང་གིས་ཁེ་བཟང་བློས་གཏོང་བྱེད་པ་དང་། སྲིད་གཞུང་གིས་སྐྱེད་ཀ་སྤྲོད་པ། ཁེ་ལས་ཀྱིས་དྲིན་གཟོ་བ”བཅས་ཀྱི་བྱེད་སྟངས་སྤྱད་དེ་དུད་ཚང་དབུལ་པོ་ཁེ་ལས་གཉེར་སྐྱོང་ནང་བཞུགས་སུ་བཅུག་ནས་དུས་བཀག་ལྟར་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད་ཅིང་། མིག་སྔར་རྫོང་ཡོངས་སུ་གཞི་ཁྱོན་ལྡན་པའི་བཞོན་མ་གསོ་ཚགས་ཁེ་ལས་19ཟིན་པ་དང་། ལག་ཡོད་བཞོན་མ་མགོ་གྲངས་ཁྲི་2.3ཡོད་པས་མི་འབོར་དབུལ་པོ་5000ཙམ་ལ་ཐོན་ལས་སྦྲེལ་ཐག་ཁྲོད་ནས་ཕན་པ་ཐོབ་རྒྱུར་སྐུལ་ཁྲིད་བྱས་ཤིང། འདི་ནི་ཟླ་4ཚེས་24ཉིན་ཝུའུ་ཆང་རྫོང་ཕུའུ་ཡོན་འབྲོག་ལས་ལས་དོན་པས་བཞོན་མར་འོ་འཇོའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།