འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱང་སྐྱོད་ཨང་ལྔ་པ་རྒྱང་ལྟ་རྟགས་ཅན་མེ་ཤུགས་འཕུར་མདའི་སྐྱེལ་འདྲེན་གྲུའི་ཐོག་བླུགས་
    ནས་ཐོན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན་གྱི་སྔ་དྲོ། “ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོ”ཨང་གཉིས་པ་སླེབས་པའི་མཚམས་སུ། འཕེན་ཐེངས་གསར་པའི་རྒྱང་སྐྱོད་ཨང་ལྔ་པའི་མེ་ཤུགས་འཕུར་མདའི་དོས་སྒམ་བླུགས་པའི་རྒྱང་ལྟ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའི་སྐྱེལ་འདྲེན་གྲུ་སྟར་ཐེན་ཅིན་གྲུ་ཁ་ནས་གྲུ་ཐག་གློད་དེ་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ས་ཚིགས་སུ་ཐོན་འགོ་ཚུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་མེ་ཤུགས་འཕུར་མདའ་དེའི་ཐོག་མའི་འཕུར་སྐྱོད་བདེ་བླག་བྱུང་བ་ནི་རང་རྒྱལ་འདི་ཉིད་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་ཆེན་པོ་ནས་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ཞིང་། དེ་ཐོག་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལ་མེ་ཤུགས་འཕུར་མདའ་ཆེ་གྲས་ཀྱི་དུས་རབས་སླེབས་པ་མཚོན་པ་དང་། སྐྱེལ་འདྲེན་བྱེད་ཤུགས་ཆེ་ཤོས་ཏུན་25བར་མཐོ་རུ་ཕྱིན་པ་དེས་བར་སྣང་དུ་བསྐྱོད་པའི་ཀྲུང་གོའི་ནུས་པ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཐུབ་པ་བྱུང་ཡོད། འཆར་གཞི་ལྟར་ན། ད་ཐེངས་ཀྱི་མེ་ཤུགས་འཕུར་མདའ་དེ་འདི་ལོར་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ས་ཚིགས་ནས་འཕེན་གཏོང་བྱ་རྒྱུ་ཡིན་པ་དེའང་རྒྱང་སྐྱོད་ཨང་ལྔ་པ་འཕུར་ཐེངས་གཉིས་པ་ཡིན་པ་མ་ཟད། དེའི་རྗེས་ཀྱི་ཟླ་དཔྱད་ལས་གཞིའི་ལས་འགན་ལ་ལག་རྩལ་ཐད་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།