འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་གསར་པར་བསྐྱོད་དེ་ཡུལ་ཤུལ་གྱི་རྣམ་པ་གསར་པར་རོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུལ་ཤུལ་གསར་པར་བསྐྱོད་དེ་ཡུལ་ཤུལ་གྱི་རྣམ་པ་གསར་པར་རོལ་བ།
           མི་དམངས་དྲ་བའི་འཕྲིན། བར་སྣང་ནས་གྲོང་ཁྱེར་སྲིད་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་དང་། ཚོང་ཁང་། གྲོང་ཁྱེར་གྱི་བརྙན་གཟུགས་སོགས་ལྡན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་འདི་མཐོང་བ་ན། ང་ཚོའི་མིག་མདུན་དུ་ཡུལ་ཤུལ་གསར་པ་ཞིག་སྣང་ཡོང་། ཡུལ་ཤུལ་ནི་2013ལོའི་ཟླ་11ཚེས་1ཉིན་དངོས་སུ་རྫོང་ནས་གྲོང་ཁྱེར་དུ་བསྒྱུར་པ་ཡིན་ལ། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་གྲོང་ཁྱེར་བཙུགས་མ་ཐག་པའི་གྲས་ཤིག་ཡིན།
           ཡུལ་ཤུལ་མཁར་གྲོང་ལ་བར་སྣང་ནས་བལྟས་པ་ན། འཕྲེད་གཞུང་གཉིས་བགོས་ཀྱི་ཁྲོམ་སྲང་ནི་ས་གནས་ཀྱི་བབ་དང་བསྟུན་ནས་གོ་རིམ་ཚགས་ཚུད་ངང་བསྐྲུན་ཡོད་ལ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་གསར་པ་ཞིག་མདོ་དབུས་མཐོ་སྒང་དུ་བསྐྲུན་ཡོད་པས། ད་ལྟའི་ཡུལ་ཤུལ་ནི་ཐོགས་ཁང་མཐོན་པོ་མང་ལ། ཁྲོམ་སྲང་སྟར་ཕྲེང་དུ་ལྡན་པ་དང་། ཐབ་ཀྱི་དུ་བ་སྔོ་ཆིལ་ལེར་འཐུལ་ཞིང་། དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་སྒྲོག་ཁུལ་ཞིག་རེད།
          ཡུལ་ཤུལ་ནི་གཙང་གསུམ་ཆུ་འགོའི་ཁུལ་དུ་ཆགས་ཡོད་ལ། ངོ་མཚར་དང་། དྭངས་གཙང་། བརྗིད་ཆགས། ལྐོག་གྱུར་བཅས་དང་ལྡན་པའི་མིང་དུ་གྲགས་ཤིང་། གཙང་ཆུའི་ཆུ་འགོ་དང་། རི་བོའི་ཕ་ས། གླུ་གར་གྱི་ཕ་ས། ཐང་བོད་གནའ་ལམ། ཀྲུང་ཧྭའི་ཆུ་མཛོད་སོགས་པའི་མཚན་སྙན་གྱིས་བརྒྱན་ཡོད།
    【1】  【2】  【3】  【4】  【5】  【6】
    ༄༅།།ཡུལ་ཤུལ་གསར་པར་བསྐྱོད་དེ་ཡུལ་ཤུལ་གྱི་རྣམ་པ་གསར་པར་རོལ་བ།
    ༄༅།།ཡུལ་ཤུལ་གསར་པར་བསྐྱོད་དེ་ཡུལ་ཤུལ་གྱི་རྣམ་པ་གསར་པར་རོལ་བ།
      

    ཕྱོགས་བསྡུས་གསར་འགྱུར།