འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།“སོར་མོའི་འཁྱུག་འགྲོས”ཞེས་པའི་བོད་ཀྱི་ཀརྨ་བཀའ་བརྒྱུད་པའི་ཞལ་ཐང་འགྲེམས་
    སྟོན་ལྷ་ས་རུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།“སོར་མོའི་འཁྱུག་འགྲོས”ཞེས་པའི་བོད་ཀྱི་ཀརྨ་བཀའ་བརྒྱུད་པའི་ཞལ་ཐང་འགྲེམས་
སྟོན་ལྷ་ས་རུ་གཉེར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱེད་པ་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གིས་སྒྲུབ་འགན་འཁུར་བའི“སོར་མོའི་འཁྱུག་འགྲོས”ཞེས་པའི་བོད་ཀྱི་ཀརྨ་བཀའ་བརྒྱུད་པའི་ཞལ་ཐང་བྲིས་རྒྱུན་རྒྱུན་འཛིན་པ་རབས་བཅུ་གཅིག་པའི་བསྟན་འཛིན་ཕུན་ཚོགས་གི་ཞལ་ཐང་འགྲེམས་སྟོན་གངས་ལྗོངས་གནས་མཆོག་ལྷ་ས་རུ་གཉེར་བ་རེད།
         ཀརྨ་བཀའ་བརྒྱུད་པའི་ཞལ་ཐང་བྲིས་རྒྱུན་ནི་དུས་རབས་16པའི་དུས་སྨད་དུ་བྱུང་བ་དང་། དེའི་འབྱུང་ཁུངས་ནི་བོད་ལྗོངས་ཀྱི་ཤར་རྒྱུད་ཡིན་ཞིང་། བོད་ལྗོངས་ཤར་རྒྱུད་ཆབ་མདོ་དང་སི་ཁྲོན་དཀར་མཛེས་རྒྱུད་དུ་དར་ཁྱབ་ཆེ་བ་ཡོད།
         འགྲེམ་སྟོན་ཚོམས་ཁང་དུ་ཞལ་ཐང་37འགྲེམས་སྟོན་བྱས་ཡོད་ཅིང་། ཞལ་ཐང་འགྲེམས་སྟོན་གྱིས་ལྷ་རིས་པ་དང་རི་མོར་དགའ་ཞེན་ཅན་མང་པོའི་བློ་ཡིད་བཀུག་སྟེ་འདིར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་བ་རེད། སི་ཁྲོན་ཞིང་ཆེན་དཀར་མཛེས་ནས་ཕེབས་པའི་འཇམ་དཔལ་ཚུལ་ཁྲིམས་ཀྱིས་ཞལ་ཐང་འབྲི་རྩལ་སྦྱངས་ནས་ལོ་5ཕྱིན་པ་དང་། ཁོང་གིས“རྒན་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ཞལ་ཐང་ལ་མཇལ་རྗེས་ཕན་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། ཐེངས་འདིའི་ལྟ་སྐོར་ལས་རང་ཉིད་ཀྱི་ཞལ་ཐང་འབྲི་རྩལ་ཐད་ཀྱི་མི་འདང་ས་ཤེས་སོང”ཅེས་བརྗོད་པ་རེད། 
      “སོར་མོའི་འཁྱུག་འགྲོས”ཞེས་པའི་བོད་ཀྱི་ཞལ་ཐང་འགྲེམས་སྟོན་རབ་དང་རིམ་པ་ནི་2014ལོ་ནས་གཉེར་འགོ་བརྩམས་པ་ནས་བཟུང་ཞལ་ཐང་འགྲེམས་སྟོན་རབ་དང་རིམ་པ་དུས་ཐེངས་10དང་། ཞལ་ཐང་བྲིས་རྒྱུན་རྒྱུན་འཛིན་པའི་གླེང་སྟེགས་དུས་ཐེངས་6ལེགས་འགྲུབ་ངང་གཉེར་ཞིང་། དེང་སྐབས་འགྲེམས་སྟོན་འདི་ནི་ཞལ་ཐང་སྒྱུ་རྩལ་པས་ལག་རྩལ་སྤེལ་རེས་བྱེད་སའི་སྟེགས་བུ་དང་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པའི་རྟེན་གཞིར་གྱུར་ཡོད་པ་རེད། གོང་གི་པར་རིས་ནི་ལྟ་སྐོར་བས་ཞལ་ཐང་མཇལ་བཞིན་པ། 
    ཞལ་ཐང་པར་ལེན་བཞིན་པ།
    ཞལ་ཐང་པར་ལེན་བཞིན་པ།
    ཞལ་ཐང་བྲིས་རྒྱུན་རྒྱུན་འཛིན་པ་བསྟན་འཛིན་ཕུན་ཚོགས།
    ཞལ་ཐང་བྲིས་རྒྱུན་རྒྱུན་འཛིན་པ་བསྟན་འཛིན་ཕུན་ཚོགས།
      

    ཕྱོགས་བསྡུས་གསར་འགྱུར།