འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དྲུག་པའི་ཀྲུང་ཧྭའི་ཕུལ་བྱུང་གི་དཔེ་སྐྲུན་དངོས་པོའི་བྱ་དགའ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་དཔེ་ཀློག་ཉིན་མོར་སྤྱི་ཚོགས་ཡོངས་སུ་ལོ་གཉིས་རིང་གི་ཕུལ་བྱུང་དཔེ་དེབ་གསར་པ་འོས་སྦྱོར་དང་། དཔེ་སྐྲུན་ལས་རིགས་ལ་རྩེར་སོན་བརྩམས་ཆོས་སྔར་བས་མང་བ་དཔེ་སྐྲུན་བྱ་རྒྱུར་དེ་བས་ལེགས་པའི་སྒོ་ནས་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་པ་དང་དམངས་ཡོངས་ཀྱི་དཔེ་ཀློག་ལ་ཞབས་འདེཌ་ཞུ་ཆེད་སྐབས་དྲུག་པའི་ཀྲུང་ཧྭའི་ཕུལ་བྱུང་གི་དཔེ་སྐྲུན་དངོས་པོའི་བྱ་དགའ་པེ་ཅིང་དུ་སྤྲད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་དྲུག་པའི་ཀྲུང་ཧྭའི་ཕུལ་བྱུང་གི་དཔེ་སྐྲུན་དངོས་པོའི་བྱ་དགའི་དཔྱད་འདེམས་བྱེད་སྒོ་2016ལོའི་ཟླ་8པར་འགོ་ཚུགས་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གི་དཔེ་སྐྲུན་ཁང་བསྡོམས་484ཡིས་དཔྱད་འདེམས་ནང་ཞུགས་པའི་དཔེ་དེབ་རིགས་876དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)29ཡི་དཔེ་སྐྲུན་ཚན་པ་བསྡོམས་164ཡིས་དཔྱད་འདེམས་ནང་ཞུགས་པའི་སྒྲ་བརྙན་གློག་རྡུལ་རོལ་རྩེད་དཔེ་སྐྲུན་དངོས་པོ་རིགས་298ཕུལ་བ་དང་། དཔྱད་འདེམས་ནང་ཞུགས་པའི་ཆ་རྐྱེན་དང་མཐུན་པའི་དཔྱད་རྩོམ་ཁྱོན་བསྡོམས་ཁག་163ཡོད་པ་རེད། མཇུག་མཐར་སྐབས་འདིར་བྱ་དགའ་ཐོབ་པའི་དཔེ་དེབ་རིགས་100དང་མིང་འདོན་བྱ་དགའ་ཐོབ་པའི་རིགས་101དང་། བྱ་དགའ་ཐོབ་པའི་སྒྲ་བརྙན་གློག་རྡུལ་རོལ་རྩེད་དཔེ་སྐྲུན་དངོས་པོ་རིགས་30 མིང་འདོན་བྱ་དགའ་ཐོབ་པའི་རིགས་77 རྒྱལ་ཡོངས་ཀྱི་ཕུལ་བྱུང་དཔེ་སྐྲུན་ཚན་ཞིབ་དཔྱད་རྩོམ་ཁག་30བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།