འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པས་དཀར་མཛེས་སུ་མི་ཆོས་རིག་གནས་
    གསར་འགྱུར་གྱི་ས་བོན་འཚོལ་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    བོད་རིགས་སྤུན་ཟླའི་སྡོད་ཁང་དངོས་སུ་རྟོག་ཞིབ་བྱེད་པ།
    བོད་རིགས་སྤུན་ཟླའི་སྡོད་ཁང་དངོས་སུ་རྟོག་ཞིབ་བྱེད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན། ཨ་རི་དང་ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། འཇར་མན། ཉི་ཧོང་སོགས་པའི་རྒྱལ་ཁབ་དང་ས་ཁུལ་9ཡི་རྒྱ་ཡིག་སྨྱན་སྦྱོར་ལས་ཁུངས་15ཡི་གསར་འགོད་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉག་ཆུ་ཁ་དང་། རྟའུ་རྫོང་དུ་བཅར་འདྲིར་བསྐྱོད་དེ་ས་གནས་དེ་གའི་མི་སེམས་འགུལ་བའི་གཏམ་རྒྱུད་འཚོལ་འདོན་བྱས་པ་རེད།
           རྒྱལ་ཁབ་གཞུང་ལམ་318པའི་ཁྲོན་བོད་གཞུང་ལམ་ཉེ་འགྲམ་གྱི་བོད་པའི་སྡོད་ཁང་གིས་གསར་འགོད་པ་ཚོའི་ཡིད་དབང་བཀུག་ཅིང་། ཁོང་ཚོ་ཉག་ཆུ་ཁ་ཡི་མཁར་རིང་པོ་ཤང་རི་སྐྱིད་གྲོང་ཚོའི་དམངས་ཁྱིམ་དུ་འབྱོར་ཏེ་བོད་རིགས་སྤུན་ཟླའི་འཚོ་བ་དང་ཡོང་འབབ་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཟབ་མོ་བླངས་པ་རེད།
           རྟའུ་རྫོང་དུ་འབྱོར་བ་དང་། དེ་གའི་གྲོང་མིའི་དཀྱིལ་ཁང་དང་། བར་ཁྱམས་སོགས་སུ་བཀྲ་ཤིས་ཀྱི་རི་མོ་བརྐོས་ཡོད་པ་དེ་དག་ཏུ་དམངས་ཁྲོད་ཀྱི་གཏམ་རྒྱུད། རི་མཐོ་ས་གཙང་། རྩྭ་དང་རྩི་ཤིང་སོགས་པའི་ནང་དོན་ཡོད་པས། རྒྱ་ཡིག་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པས་བསྔགས་བརྗོད་ཡང་ཡང་བྱས་པ་རེད།
    དགོན་པའི་ལོ་རྒྱུས་རིག་གནས་ཆ་རྒྱུས་ལེན་པ།
    དགོན་པའི་ལོ་རྒྱུས་རིག་གནས་ཆ་རྒྱུས་ལེན་པ།
    ས་གནས་ཀྱི་དམིགས་བསལ་སྡོད་ཁང་རིག་གནས་ཆ་རྒྱུས་ལེན་པ།
    ས་གནས་ཀྱི་དམིགས་བསལ་སྡོད་ཁང་རིག་གནས་ཆ་རྒྱུས་ལེན་པ།
      

    ཕྱོགས་བསྡུས་གསར་འགྱུར།