འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཁག་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ཁྱོན་ཡོངས་ནས་སྤེལ་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཁག་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། གསར་དུ་བཙུགས་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་7གྱི་ཙུའུ་ཀྲང་ནི་ཅང་ཅུས་ཧྥུང་དང་། དབྱང་སུང་། ལི་ཅ་ཞང་། ཀྲུའུ་ཀྲེ་ཤིན། ཅ་ཀྲེ་པང་། ཝུའུ་ཤིན་ཞུང་། མ་ཀྲུང་ཕིང་སོགས་བློ་མཐུན་ཡིན་པ་དང་ཙུའུ་ཀྲང་གཞོན་པ་ནི་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གཞོན་པ་ཧོང་རུན་ཆིའུ་དང་། ཀྲའེ་ཆིང་། ཀྲའོ་དབྱིང་མིང་། ལིའུ་ཧྭ་སོགས་བློ་མཐུན་ཡིན། ཁོང་ཚོས་ཐེན་ཅིན་དང་། ལེའོ་ཉིང་། ཨན་ཧུའེ། ཕུའུ་ཅན། ཧུའུ་ནན། ཀུའེ་ཀྲོའུ་སོགས་ཞིང་ཆེན(གྲོང་ཁྱེར)7དུ་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་སྤེལ་རྒྱུ་རེད།
         ཟླ་4ཚེས་24ཉིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ཨང་ལྔ་པས་ཕུའུ་ཅན་ཞིང་ཆེན་དུ་ལྟ་ཞིབ་བྱེད་པའི་ལས་ཀའི་སྐུལ་སློང་ཚོགས་འདུ་དང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ཨང་དྲུག་པས་ཧུའུ་ནན་ཞིང་ཆེན་དུ་ལྟ་ཞིབ་བྱེད་པའི་ལས་ཀའི་སྐུལ་སློང་ཚོགས་འདུ་ཕུའུ་ཀྲོའུ་དང་ཁྲང་ཧྲ་ཁག་སོ་སོར་འཚོགས་པ་དང་ལྟ་སྐུལ་ཚོགས་ཆུང་གཞན་ལྔ་ཡིས་ཀྱང་ཉེ་ཆར་ལྟ་ཞིབ་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།
         ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ལྟ་ཞིབ་བྱས་པ་བརྒྱུད། ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། འབུར་དུ་ཐོན་པའི་གནད་དོན་ཐག་གཅོད། ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཚུལ་གཙོ་གནད་ཐོག་ཤེས་རྟོགས་ཐུབ་པ་དང་། ཞིབ་ཕྲའི་ལྟ་ཞིབ་ཁྲོད་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གིས་ཚད་མཐོའི་དོ་ཁུར་དང་། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཅས་ཀྱི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་དང་དེ་བཞིན་དེའི་ཐག་གཅོད་བྱས་ཚུལ་ལ་གཙོ་བོར་དམ་འཛིན། ཁོར་ཡུག་སྤུས་ཚད་ཞན་དུ་འགྲོ་བའི་ས་ཁོངས་དང་གཙང་པོ་རྒྱུག་ཁུལ་དང་དེ་བཞིན་བཅོས་སྐྱོང་གི་གནས་ཚུལ་གཙོ་གནད་ཐོག་ཞིབ་བཤེར། མི་དམངས་མང་ཚོགས་ཀྱིས་གོང་དུ་ཞུས་པའི་ཁོར་ཡུག་གནད་དོན་འཕྲལ་དུ་ལག་བསྟར་དང་འཕྲལ་དུ་སྒྱུར་བཅོས་བྱས་ཚུལ་ལ་གཙོ་གནད་ཐོག་ལྟ་སྐུལ། ས་གནས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་ཡག་པོ་སྒྲུབ་མིན་ལ་གཙོ་གནད་ཐོག་ལྟ་ཞིབ། ས་གནས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འགན་འཁྲི་རྩད་གཅོད་ནན་པོ་བཅས་བྱས་ཚུལ་ལ་གཙོ་གནད་ཐོག་ཤེས་རྟོགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།