འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས"རྡུང་རྡེག་གསུམ་དང་བཅོས་སྒྲིག་གཅིག"གི་ཆེད་དོན་བྱ་སྤྱོད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན། ཉིན་ཤས་གོང་། སྤྱི་བདེ་པུས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི“རྡུང་རྡེག་གསུམ་དང་བཅོས་སྒྲིག་གཅིག”གི་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ས་གནས་ཁག་ལ་ཟླ་5ཚེས་1ཉིན་ནས་ལོ་མཇུག་བར་སྟོབས་ཤུགས་བསྒྲིལ་ནས་དྲ་རྒྱ་ནས་མེ་མདའ་ལྐོག་འཚོང་དང་གློག་འཕྲིན་ཁ་བསླུས་སོགས་ཀྱི་ཉེས་གསོག་གསར་པ་དང་བསླུ་འཕྲོག་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། ས་ཁོངས་རང་བཞིན་གྱི་ལས་རིགས་ཉེས་གསོག་ཐོན་ཁུལ་གཙོ་བོར་རྡུང་རྡེག་ཚ་ནན་གཏོང་བའི་བྱ་སྤྱོད་སྤེལ་དགོས་པའི་བླང་བྱ་བཏོན་ཡོད།
         ཆེད་དོན་བྱ་སྤྱོད་ཐད་བླང་བྱ་བཏོན་དོན། རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ལམ་བུ་གཤོང་བ་དང་རྡུང་རྡེག་ཚ་ནན་བཏང་ནས་རྡུང་རྡེག་དང་། བཅོས་སྒྲིག བཅོས་སྐྱོང་བཅས་བྱས་ནས“རྡུང་རྡེག་གསུམ་དང་བཅོས་སྒྲིག་གཅིག”གི་ཆེད་དོན་བྱ་སྤྱོད་ལ་ཕན་འབྲས་སྔར་བས་ཆེན་པོ་ཡོང་བར་བྱེད་དགོས་པ་དང་། ས་ཁོངས་བརྒལ་བའི་ཚོགས་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་དེ་གཙོ་གནད་དུ་བྱས་ནས་བསླུ་འཕྲོག་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ཐོག་པུའུ་དང་། ཞིང་ཆེན། གྲོང་ཁྱེར་བཅས་རིམ་གསུམ་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱིས་ས་ཁོངས་བརྒལ་བའི་གྱོད་གཞིར་ཐད་ཀར་མྱུལ་ཞིབ་ཐག་གཅོད་དང་ཉེས་དོན་ལག་རྩལ་ལ་བརྟེན་ནས་གྱོད་གཞི་རྩད་གཅོད་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱེད་དགོས། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་སྔོན་འགོག་བཅོས་སྐྱོང་ལ་སྐུལ་མ་གཏིང་ཟབ་དང་། རྡུང་རྡེག་དང་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བའི་ངང་གྱོད་ཁོངས་སུ་འཇུག་ཚད་དང་མང་ཚོགས་ཀྱི་གྱོང་གུན་ཕོག་ཚད་ཉུང་གཏོང་དང་། གྱོད་གཞི་རྩད་གཅོད་ཐུབ་ཚད་དང་ཁྲིམས་འགལ་ཉེས་གསོག་མི་སྣ་ཐག་གཅོད་ཀྱི་གྲངས་འབོར་མཐོར་གཏོང་ཐད་ཀྱི“ཉུང་གཏོང་གཉིས་དང་མཐོར་གཏོང་གཉིས”ཀྱི་དམིགས་ཚད་ཧུར་ཐག་ངང་འགྲུབ་དགོས། དྲ་རྒྱ་ནས་མེ་མདའ་ལྐོག་འཚོང་གི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་མཐའ་གཅིག་ཏུ་བཏང་ནས་ཆེད་དོན་གྱོད་གཞིར་མྱུལ་ཞིབ་དང་ཁྱོན་ཡོངས་འབད་འཐབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྱུང་རྩ་དང་། རྐྱེན་རྩ། འབྲེལ་ཁུངས་བཅས་མེད་པར་བཟོས་ཏེ་མེ་མདའི་ཉེན་ཁ་མི་ལྷགས་པར་བྱེད་དགོས། གཙོ་གནད་ས་ཁུལ་གྱི་རྡུང་རྡེག་དང་བཅོས་སྒྲིག་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་མ་གཏོང་བ་དང་བཅོས་སྒྲིག་དང་རྡུང་རྡེག་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ“རྐྱེན་ངན”མེད་པར་བཟོ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།