འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཤིས་ཀྱིས་ཞིང་ལས་དབུལ་སྐྱོར་གྱི་ཆེད་དམིགས་བྱ་སྤྱོད་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན། ཚེས་5ཉིན་ཧྲན་ཤིས་ཞིང་ཆེན་ཞིང་ལས་ཐིང་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་དང་དུད་ཚང་དུ་ཞིང་ལས་གནད་སྨིན་དབུལ་སྐྱོར་སྲིད་ཇུས་རྣམ་གྲངས་ཁྱབ་པར་བྱེད་པའི་སྐུལ་སློང་ཚོགས་ཆེན་འཚོགས་ནས། ཞིང་ལས་ཐོན་ལས་ཀྱི་གནད་སྨིན་དབུལ་སྐྱོར་གྱི“གཱ་གཅིག་དང་། མཛོད་གཅིག གསོ་སྦྱོང་གཅིག”གི་ཆེད་དམིགས་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། “གཱ་གཅིག”ཅེས་པ་ནི་ཞིང་ལས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་དགོས་མཁོའི་མཐིལ་རྟོགས་གཱ་ཡིན་ཞིང་། ངལ་ནུས་ཡོད་པའི་དུད་ཚང་དབུལ་པོ་སྒྲིག་འཛུགས་བྱས་ནས། ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་ཀྱི་དགོས་མཁོའི་རེའུ་མིག་རྒྱོང་བ་དང་། གཉེར་སྐྱོང་བྱེད་པོ་གསར་པའི་སྣེ་ཁྲིད་དང་རང་བརྟེན་འཕེལ་རྒྱས་རིགས་གཉིས་ལ་དབྱེ་ཡོད་པ་དང་། དེའི་ནང་ད་ཡོད་རྣམ་གྲངས་ཀྱི་གནས་ཚུལ་དང་། འཕེལ་རྒྱས་གཏོང་རྩིས་ཡོད་པའི་རྣམ་གྲངས། མ་དངུལ་གྱི་དགོས་མཁོ། འདུན་ཞུའི་རྒྱུ་རྐྱེན་སོགས་ཚུད་ཡོད། “མཛོད་གཅིག”ཅེས་པ་ནི་ཞིང་ལས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་མཛོད་ཡིན་ཞིང་། དེ་ནི་རྫོང་ཚན་པར་བྱས་ནས་བཙུགས་པའི་ཞིང་ལས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་མཛོད་གཅིག་ཡིན་པ་དང་། དེའི་ནང་གཉེར་སྐྱོང་བྱེད་པོ་གསར་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་དང་དུད་ཚང་དབུལ་པོའི་རང་བརྟེན་དབུལ་སྒྲོལ་རྣམ་གྲངས་སོགས་ཚུད་ཡོད། “གསོ་སྦྱོང་གཅིག”ཅེས་པ་ནི་ལས་རིགས་ཀྱི་ཞིང་པ་གསར་པའི་གནད་སྨིན་གསོ་སྦྱོང་ཡིན་ཞིང་། དེ་ནི་ངལ་རྩོལ་ནུས་པ་ལྡན་པའི་མི་འབོར་དབུལ་པོར་ཕྱོགས་ནས་ལས་རིགས་ཀྱི་ཞིང་པ་གསར་པའི་གནད་སྨིན་གསོ་སྦྱོང་བྱས་ཏེ། ངལ་རྩོལ་གྱི་རྩལ་ནུས་མཐོ་རུ་བཏང་ནས་ཁྱད་ལྡན་ཞིང་ལས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།