འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གིས་ཁྲིམས་ལས་འགལ་ནས་ཐ་མག་འཐེན་མཁན་ལ་དངུལ་ཆད་སྒོར་ཁྲི་
    200ཙམ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་། གསར་འགོད་པས་པེ་ཅིང་དུ་འཚོགས་པའི་པེ་ཅིང་དགུན་དུས་ཐ་མག་ཚོད་འཛིན་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་རྒྱུས་ཐོག་གི་ནན་ཤོས”ཞེས་བརྗོད་པའི་《པེ་ཅིང་གྲོང་ཁྱེར་གྱི་ཐ་མག་ཚོད་འཛིན་སྐོར་གྱི་སྲོལ་ཡིག་》ན་ནིང་ཟླ་6ཚེས་1ཉིན་ལག་བསྟར་བྱས་པ་ནས་འདི་ལོའི་ཟླ་11ཚེས་30ཉིན་བར། པེ་ཅིང་དུ་ཁྱོན་ཚན་པ་663གྱི་མི་2719ཡིས་ཁྲིམས་ལས་འགལ་ནས་ཐ་མག་འཐེན་པར་ཁྱོན་དངུལ་ཆད་སྒོར་ཁྲི་197.85བཏང་བ་རེད།
         2016ལོའི་ཟླ་11ཚེས་30ཉིན་བར། པེ་ཅིང་སྤྱི་པའི་འཕྲོད་བསྟེན་སྤྱི་ཕན་ཐད་སྦྲེལ་གྱིས་ཐ་མག་ཚོད་འཛིན་སྐོར་གྱི་འབྲེལ་ཡོད་ཞབས་ཞུ་ཁྱོན་36328དང་ལེན་བྱས་པའི་ནང་། ཐ་མག་ཚོད་འཛིན་སྐོར་གྱི་ཤེས་བྱའི་བློ་འདྲི་1193དང་། ཐ་མག་ཚོད་འཛིན་སྐོར་གྱི་སྲིད་ཇུས་ཀྱི་བློ་འདྲི་9974 ཐ་མག་ཚོད་འཛིན་གྱི་ཞུ་གཏུག་ཐེར་འདོན་25162བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།