འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཆན་ཕུའུ་±800ཡོད་པའི་གློག་ཆེན་སྐུད་ལམ་རིང་ཤོས་རིམ་པས་རྩིས་
    ལེན་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རང་རྒྱལ་གྱི་ཆན་ཕུའུ་±800ཡོད་པའི་གློག་ཆེན་སྐུད་ལམ་རིང་ཤོས་རིམ་པས་རྩིས་
ལེན་བྱེད་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན་རང་རྒྱལ་གྱི་ཆན་ཕུའུ་±800ཡོད་པའི་གློག་ཆེན་སྐུད་ལམ་རིང་ཤོས་ཏེ་ཅིའུ་ཧུའུ་སྐུད་ལམ་(ཀན་སུའུ་ཅིའུ་ཆོན་ནས་ཧུའུ་ནན་ཤང་ཐན་བར་)ཁྲུང་ཆིང་ཝུའུ་ཧྲན་རྫོང་དུ་རྩིས་ལེན་བྱེད་འགོ་ཚུགས་པ་དེ་ཐོག་ནས་ཅིའུ་ཧུའུ་སྐུད་ལམ་ཁྲུང་ཆིང་སྐུད་ལམ་དུམ་བུ་དེ་ཕྱོགས་ཡོངས་ནས་ས་བབ་མཐོ་བའི་ཁྱབ་ཁོངས་ཀྱི་སྐུད་ལམ་དུམ་བུ་རྩིས་ལེན་གྱི་ལས་དོན་སྒྲུབ་འགོ་ཚུགས་པ་མཚོན་གྱི་ཡོད།
         ཅིའུ་ཆོན་ནས་ཧུའུ་ནན་བར་གྱི་གློག་ཤུགས་སྐུད་ལམ་དུམ་བུ་ནི་མིག་སྔར་རང་རྒྱལ་གྱི་གློག་གཏོང་བར་ཐག་རིང་ཤོས་ཀྱི་ཆན་ཕུའུ་±800ཡོད་པའི་གློག་ཆེན་གློག་གཏོང་འདུ་འགོད་ཅིག་ཡིན་ཞིང་། སྐུད་ལམ་དུམ་བུ་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་2383ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་262བཏང་བ་དང་། སྐུད་ལམ་དུམ་བུ་བསྐྲུན་རྗེས་ཀྲུང་གོའི་ནུབ་བྱང་རྒྱུད་ཀྱི་དྭངས་གཙང་ནུས་རྒྱུ་ཧྭ་ཀྲུང་དབུས་རྒྱུད་ས་ཁུལ་དུ་འདྲེན་རྒྱུ་ཡིན་པས་ནུབ་གློག་ཤར་འདྲེན་གྱི་སྐུད་ལམ་དུམ་བུ་གལ་ཆེན་གཞན་ཞིག་ཏུ་གྱུར་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཅིའུ་ཧུའུ་སྐུད་ལམ་གྱི་འདུ་འགོད་ཧྲིལ་པོའི་འཕེལ་རིམ་བདེ་བླག་བྱུང་ནས་རྒྱུན་མཐུད་ངང་རྩིས་ལེན་གྱི་དུས་མཚམས་སུ་སླེབས་ཤིང་། འདི་ནི་ཁྲུང་ཆིང་ཝུའུ་ཧྲན་རྫོང་ལུའོ་ཕིང་གྲོང་རྡལ་དུ་གནམ་གྲུའི་ཐོག་ནས་པར་དུ་བླངས་པའི་རྩིས་ལེན་བྱེད་བཞིན་པའི་ཆན་ཕུའུ་±800ཡོད་པའི་གློག་ཆེན་སྐུད་ལམ་དུམ་བུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།