འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་རྒྱལ་ཁབ་ཏུ་ཉིན་འགའི་རིང་བསྟུད་མར་དྲག་ཆར་བབས་ཏེ་མི་ཁྲི་58ལ་
    གནོད་སྐྱོན་བྱུང་བ་དང་ཉུང་མཐར་ཡང་མི་14རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཐེ་ལན་རྒྱལ་ཁབ་ཏུ་ཉིན་འགའི་རིང་བསྟུད་མར་དྲག་ཆར་བབས་ཏེ་མི་ཁྲི་58ལ་
གནོད་སྐྱོན་བྱུང་བ་དང་ཉུང་མཐར་ཡང་མི་14རྐྱེན་ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཐེ་ལན་རྒྱལ་ཁབ་ལྷོ་ཁུལ་དུ་ཉིན་འགའི་རིང་བསྟུད་མར་དྲག་ཆར་བབས་ནས་ཆར་ཆུའི་གནོད་འཚེ་བྱུང་བ་དང་ད་ལྟའི་བར་དུ་ཉུང་མཐར་ཡང་མི་14རྐྱེན་ལམ་དུ་ཤོར་ཡོད་པ་རེད།
         གནས་འཕྲིན་སྤེལ་གསལ་ལྟར་ན། ཐེ་ལན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཟླ་12ཚེས་6ཉིན་ཐེ་ལན་རྒྱལ་ཁབ་ལྷོ་ཁུལ་གྱི་ས་གནས་མང་ཆེ་བ་གནོད་འཚེ་བྱུང་ཁུལ་དུ་གྱུར་འདུག་ཟེར། གཟའ་འཁོར་སྔ་མར། ཐེ་ལན་རྒྱལ་ཁབ་ཀྱི་དབུས་ཁུལ་དུ་དྲག་ཆར་བབས་པ་དང་། ཅཱ་སྨི་ཏའོ་གླིང་ཕྲན་(Krabi)དང་སུའུ་མེ་ཏའོ་གླིང་ཕྲན་(Koh Samui)སོགས་ཀྱི་ཡུལ་སྐོར་ས་གནས་ལའང་དེ་བཞིན་དུ་དྲག་ཆར་བབས་ཏེ་གནམ་གྲུ་དང་གྲུ་གཟིངས་ཀྱི་སྐྱེལ་འདྲེན་ཞབས་ཞུར་གནོད་སྐྱོན་བྱུང་ཡོད་པ་རེད།
         ཐེ་ལན་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་ཡིས་གནོད་འཚེ་ཕོག་པའི་གནས་ཚུལ་གསར་ཤོས་སྤྱི་བསྒྲགས་བྱས་པ་ལྟར་ན། ད་ལྟའི་བར་དུ་ས་གནས་88ཀྱི་མི་ཁྲི་58ལ་གནོད་སྐྱོན་བྱུང་ཡོད་ཅིང་མི་14ཤི་ཡོད་པ་རེད། གཞན་ཡང་མི་3ལ་རྨས་སྐྱོན་བྱུང་བ་དང་མི་1གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
    ༄༅།།ཐེ་ལན་རྒྱལ་ཁབ་ཏུ་ཉིན་འགའི་རིང་བསྟུད་མར་དྲག་ཆར་བབས་ཏེ་མི་ཁྲི་58ལ་
གནོད་སྐྱོན་བྱུང་བ་དང་ཉུང་མཐར་ཡང་མི་14རྐྱེན་ལམ་དུ་ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།