འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།འབར་མའི་རྒྱལ་དོན་བློ་འདྲི་ཨང་སན་སུའུ་ཅི་ཡིས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་
    གནང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    འབར་མའི་རྒྱལ་དོན་བློ་འདྲི་ཨང་སན་སུའུ་ཅི།
    འབར་མའི་རྒྱལ་དོན་བློ་འདྲི་ཨང་སན་སུའུ་ཅི།
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གདན་ཞུ་གནང་བ་ལྟར་འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དོན་བློ་འདྲི་ཨང་སན་སུའུ་ཅི་(Aung San Suu Kyi)ཡིས་ཟླ་8ཚེས་17ཉིན་ནས་ཚེས་21ཉིན་བར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད།
         ཨང་སན་སུའུ་ཅི་ནི་1945ལོའི་ཟླ་6པར་འབར་མ་རྒྱལ་ཁབ་ཀྱི་རང་ཀོང་ཞིང་ཆེན་ནས་སྐྱེས་ཤིང་། ཁོང་ནི་འབར་མ་རིགས་ཡིན་པ་དང་། འབར་མའི་རང་བཙན་ལས་འགུལ་གྱི་གཙོ་འཛིན་དམག་དཔོན་ཆེན་པོ་ཨང་སན་གྱི་བུ་མོ་ཡིན་པ་རེད། 1988ལོར་ཨང་སན་སུའུ་ཅི་ཡིས་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་སྒྲིག་འཛུགས་བྱས་པ་དང་། 2011ལོའི་བར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར་ཞིང་། 2012ལོར་རྒྱལ་ཡོངས་དམངས་གཙོ་གནའ་འབྲེལ་ཡང་བསྐྱར་ཐོ་འགོད་བྱས་རྗེས་ཁོང་གིས་ཀྲུའུ་ཞིའི་འགན་ཁུར་བ་རེད། 2016ལོའི་ཟླ་3པར་ཁོང་གིས་ཕྱི་འབྲེལ་པུའུ་ཀྲང་དང་ཙུང་ཐུང་སྒར་ཤག་གི་པུའུ་ཀྲང་གི་འགན་ཁུར་ཞིང་། ལོ་དེའི་ཟླ་4པར་རྒྱལ་དོན་བློ་འདྲི་ཡི་འགན་ཡང་ཁུར་བ་རེད།
          2015ལོའི་ཟླ་6པར་ཨང་སན་སུའུ་ཅི་ཡིས་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་མྱོང་བ་རེད།
    ཨང་སན་སུའུ་ཅི།
    ཨང་སན་སུའུ་ཅི།
    ཁོ་མོའི་ཡབ་ཆེན་དམག་དཔོན་ཨང་སན།
    ཁོ་མོའི་ཡབ་ཆེན་དམག་དཔོན་ཨང་སན།
      

    ཕྱོགས་བསྡུས་གསར་འགྱུར།