འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་སྐད་གྲགས་ཆེ་བའི་འཚོལ་སྐྱོབ་ཁྱི།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ས་མཐོའི་སྐད་གྲགས་ཆེ་བའི་འཚོལ་སྐྱོབ་ཁྱི།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མཚོ་ནུབ་གྲོང་རྡལ་དུ་ནུབ་བྱང་ས་ཁུལ་གྱི་སྤྱི་བདེ་མེ་གསོད་དཔུང་སྡེའི་ས་ཁོངས་ལས་བརྒལ་བའི་ས་ཡོམ་རོགས་སྐྱོབ་སྐོར་གྱི་དངོས་སྦྱོང་ཞིག་བྱས་པའི་ནང་འཚོལ་སྐྱོབ་ཁྱི་9རྩད་འཚོལ་རྣམ་གྲངས་ཀྱི་ནང་སྦྱོང་དུ་ཞུགས་པ་རེད། མཚོ་སྔོན་ཞིང་ཆེན་སྤྱི་བདེ་མེ་གསོད་སྤྱི་ཁྱབ་རུ་ཁག་མཚོ་ཤར་ཉིང་ལག་རུ་ཁག་གི་འཚོལ་སྐྱོབ་ཁྱི་ཞའོ་ཧུའུ་ཡིས་རྩད་འཚོལ་ལས་འགན་ཁག་ལེགས་པར་བསྒྲུབས་པར་བརྟེན། སྦྱོང་བརྡར་བྱ་ཡུལ་དུ་སྐད་གྲགས་ཆེ་བའི་ཁྱི་ཞིག་ཏུ་གྱུར་ཡོད། 2007ལོར་འཚོལ་སྐྱོབ་དཔུང་ཁག་ནང་ཞུགས་པའི་ཞའོ་ཧུའུ་ནི་ལཱ་ཕུའུ་ལཱ་ཏོ་རིགས་རྒྱུད་ཀྱི་ཁྱི་ཞིག་ཡིན་པ་དང་ད་ལོ་ལོ་དགུར་སླེབས་ཀྱི་ཡོད། ས་མཐོའི་ས་ཁུལ་དུ་རྩད་འཚོལ་ནུས་པ་ཆེན་པོ་ལྡན་པའི་ཞའོ་ཧུའུ་ཡིས་དེ་སྔོན་ཡུལ་ཤུལ་གྱི་ས་ཡོམ་དང་འབྲུག་ཆུའི་འདམ་རྡོའི་ཆུ་རུད་ཐོན་ཡུལ་དུ་བསྐྱོད་ནས་རྩད་འཚོལ་ལས་འགན་མང་པོ་ཞིག་ལེགས་པར་བསྒྲུབས་ཡོད་པ་རེད། འདི་ནི་མཚོ་སྔོན་ཞིང་ཆེན་སྤྱི་བདེ་མེ་གསོད་སྤྱི་ཁྱབ་རུ་ཁག་མཚོ་ཤར་ཉིང་ལག་རུ་ཁག་གི་འཚོལ་སྐྱོབ་ཁྱི་ཡི་སྦྱོང་ཁྲིད་པ་མཱ་ཞའོ་ལུང་གིས་ཞའོ་ཧུའུ་དང་མཉམ་དུ་སྦྱོང་བརྡར་བྱེད་པའི་གནས་ཚུལ་ཡིན་པ། 
    འདི་ནི་ཞའོ་ཧུའུ་ཡིས་སྦྱོང་ཁྲིད་པ་མཱ་ཞའོ་ལུང་གི་པང་དུ་ངལ་གསོ་བའི་གནས་ཚུལ་ཡིན་པ།
    འདི་ནི་ཞའོ་ཧུའུ་ཡིས་སྦྱོང་ཁྲིད་པ་མཱ་ཞའོ་ལུང་གི་པང་དུ་ངལ་གསོ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།