འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞིང་ལས་ཐོན་འཕར་ཁྲོད་སོན་བཟང་གིས་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་
    བཞི་བཅུ་ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན། ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་ལི་ཅ་དབྱང་གིས་རང་རྒྱལ་གྱི་ཞིང་ལས་ཐོན་འཕར་ཁྲོད་སོན་བཟང་གིས་ལེགས་སྐྱེས་ཕུལ་ཚད་བརྒྱ་ཆ་བཞི་བཅུ་ལྷག་ཙམ་ཟིན་ཡོད་ཅེས་བཤད།
         དེ་ཉིན་ལི་ཅ་དབྱང་གིས་པེ་ཅིང་དུ་འཚོགས་པའི་རྒྱལ་སྤྱིའི་ལོ་ཏོག་ཚན་རིག་ཚོགས་ཆེན་སྐབས་བདུན་པའི་ཐོག་ངོ་སྤྲོད་བྱས་དོན། ཀྲུང་གོ་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཞིང་ལས་ཚན་རྩལ་གྱི་རང་བདག་གསར་གཏོད་ནུས་པ་དང་སྤྱིའི་སྟོབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་སོང་ཡོད། ལོ་ཏོག་གཙོ་བོའི་སོན་བཟང་གཞི་རྩའི་ཐོག་ཡོངས་ཁྱབ་བྱུང་བ་དང་ཕྱུགས་ཟོག་དང་ཁྱིམ་བྱའི་རྒྱུད་པ་རྒྱུད་བཟང་ཡིན་ཚད་དང་རང་རྒྱལ་ནས་ཐོན་པའི་བསྡུར་ཚད་ལོ་རེ་བཞིན་འཕར་ནས་ཞིང་ལས་ཐོན་འཕར་ཁྲོད་སོན་བཟང་གིས་ལེགས་སྐྱེས་ཕུལ་ཚད་43%ཡན་ཟིན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་འབྱུང་ཁུངས་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་ནུས་པའི་གྱིན་གྲུབ་རིག་པ་དང་། སྤྲི་དཀར་རིག་པ། འབུད་ལེན་རིག་པ་སོགས་ཞིབ་འཇུག་ལས་སྟེགས་བཙུགས་ཏེ་ལོ་ཏོག་གཙོ་བོའི་ཐོན་འབོར་དང་། སྤུས་ཚད། འགོག་ནུས་རང་བཞིན་སོགས་ངོ་བོ་དང་གཟུགས་དབྱིབས་གྲུབ་པའི་འདུས་རྡུལ་རྨང་གཞིར་དབྱེ་ཞིབ་བྱས་ནས་སོན་བཟང་ལེགས་གཏོང་བྱ་ཐབས་དང་རིགས་པའི་གཞུང་ལུགས་ཡར་ཐོན་ལ་སྐུལ་འདེད་བཏང་བ་རེད།
         རྒྱལ་སྤྱིའི་ལོ་ཏོག་ཚན་རིག་ཚོགས་ཆེན་སྐབས་བདུན་པ་ནི་ཀྲུང་གོར་རྒྱལ་སྤྱིའི་ལོ་ཏོག་ཚན་རིག་ཚོགས་ཆེན་གྱི་གཙོ་གཉེར་དབང་ཆ་རག་ཐེངས་དང་པོ་ཡིན་ཞིང་། ཚོགས་འདུ་དེས“ལོ་ཏོག་ཚན་རིག—གསར་གཏོད་དང་རྒྱུན་སྲིང་འཕེལ་རྒྱས”ཞེས་བརྗོད་བྱ་གཙོ་བོར་བྱས་པ་དང་འཛམ་གླིང་གི་ལོ་ཏོག་ཚན་རྩལ་ལས་དོན་པ་2000ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།