འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཤུགས་འགྲེམས་མེ་འཁོར་ཚད་ལྡན་མའི་ནང་འགྲུལ་པ་བླུགས་ནས་འཁོར་
    སྐྱོད་ཐོག་མར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན་གྱི་ཆུ་ཚོད་6དང་སྐར་མ་10ཡི་ཐོག་G8041རྟགས་ཅན་གྱི་མེ་འཁོར་དེ་ཏ་ལན་མེ་འཁོར་བྱང་ཚུགས་ནས་ཐོན་ཏེ་ཧའར་པིན་ནས་ཏ་ལན་གྱི་མྱུར་བགྲོད་ལྕགས་ལམ་བརྒྱུད་ཧྲེན་ཡང་མེ་འཁོར་བབས་ཚུགས་སུ་བཏང་བ་དེ་ནི་རང་རྒྱལ་གྱིས་ཇུས་འགོད་ཞིབ་བཟོ་བྱས་པ་དང་ཕྱོགས་ཡོངས་ནས་རང་བདག་ཤེས་བྱའི་བདག་དབང་ལྡན་པའི་ཀྲུང་གོའི་ཤུགས་འགྲེམས་མེ་འཁོར་ཚད་ལྡན་མའི་ནང་འགྲུལ་པ་བླུགས་ནས་འཁོར་སྐྱོད་ཐོག་མར་བྱས་པ་ཞིག་རེད།
         ཀྲུང་གོའི་ཤུགས་འགྲེམས་མེ་འཁོར་ཚད་ལྡན་མ་དེ་2015ལོའི་ཟླ་6པར་བཟོ་གྲྭ་ནས་བཏོན་རྗེས། མེ་འཁོར་ཧྲིལ་པོའི་བཟོ་ལྟར་ཚོད་ལྟ་དང་། ཚན་རིག་དང་མཐུན་པའི་ཚོད་ལྟ། འགྲུལ་པ་མ་བླུགས་པར་འཁོར་སྐྱོད། ལད་ཟློས་ཐེག་ཚད་འཁོར་སྐྱོད་སོགས་ཀྱི་ཚོད་ལྟ་དང་དཔྱད་ཞིབ་ལས་དོན་སྔ་རྗེས་སུ་ལེགས་སྒྲུབ་བྱས་པ་དང་། ཚོད་ལྟ་དང་དཔྱད་ཞིབ་ཀྱི་དམིགས་ཚད་ཚང་མ་ཚད་གཞི་དང་བཀོལ་སྤྱོད་ཀྱི་བླང་བྱ་དང་མཐུན་པ་དེ་ཐོག་ནས་ཀྲུང་གོའི་ཤུགས་འགྲེམས་མེ་འཁོར་ཚད་ལྡན་མ་དེ་ལ་བདེ་འཇགས་དང་། སྐྱིད་སྣང་། ནུས་པའི་ཚད་གཞི་དང་བཀོལ་སྤྱོད་འཕྲོད་ཤུགས་རང་བཞིན་དང་། བརྟན་ལྷིང་རང་བཞིན། བློས་འགེལ་ཆོག་པའི་རང་བཞིན། བཟོ་སྐྲུན་གྱི་སྤུས་ཚད་བཅས་ཚང་མ་ཇུས་འགོད་ཀྱི་བླང་བྱའི་ཚད་གཞིར་སླེབས་པ་མཚོན་ཡོད་པ་མ་ཟད། རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱས་པ་བརྒྱུད། དེར་སྒྲིག་ཁོངས་སུ་ཚུད་པའི་འཁོར་སྐྱོད་དཔེ་རིས་ལྟར་འགྲུལ་པ་བླུགས་ནས་འཁོར་སྐྱོད་ཀྱི་ཆ་རྐྱེན་ལྡན་ཡོད་པ་རེད། འགྲུལ་པ་བླུགས་ནས་འཁོར་སྐྱོད་བྱས་ཏེ་གཉེར་སྐྱོང་དངོས་ཀྱི་ཆ་རྐྱེན་འོག་མེ་འཁོར་ནང་སྡོད་མཁན་འགྲུལ་པས་འགྲུལ་པའི་རིམ་ངོས་དང་ཞབས་ཞུའི་སྒྲིག་བཀོད་ཀྱི་མྱོང་ཚོར་དངོས་སྔར་བས་གསོག་འཇོག་བྱས་ནས་རྗེས་མཐུད་ཀྱི་ཐོན་རྫས་འབོར་ཆེན་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཡུལ་སྐོར་བ་མེ་འཁོར་ནང་སྡོད་པའི་མྱོང་ཚོར་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།
         ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་བཟོ་བྱས་པའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་350ཡིན་པའི་ཀྲུང་གོའི་ཤུགས་འགྲེམས་མེ་འཁོར་ཚད་ལྡན་མ་དེ་ནི་ཀུང་སི་དེས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《ཀྲུང་གོའི་བཟོ་སྐྲུན་2025ལོའི་》བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ནས་བཟོ་སྐྲུན་སྟོབས་ཆེན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ཀྲུང་གོ་ལྕགས་ལམ་གྱི་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཕྱིར་སྐྱོད་ཀྱི་འཐབ་ཇུས་བླང་བྱ་གཞིར་བཟུང་ལག་བསྟར་བྱས་པའི་ལྕགས་ལམ་གྱི་སྒྲིག་ཆས་ལས་གྲྭ་གལ་ཆེན་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།