འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་གི་ངལ་གསོ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ས་གནས་ཁག་གི་གཞོན་ནུ་ལག་རྩལ་བཟོ་པའི་ངལ་རྩོལ་དཔེ་བཟང་102པེ་ཅིང་དུ་འཛོམས་ནས་དུས་ཡུན་གཟའ་འཁོར་གཅིག་གི་ངལ་གསོ་རྒྱག་འགོ་ཚུགས་ཡོད། དེ་ཐོག་ནས་2016ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་གི་ངལ་གསོ་དངོས་སུ་འགོ་ཚུགས་པ་མཚོན་ཡོད། ངལ་རྩོལ་དཔེ་བཟང་5000ཁག་44ལ་དབྱེ་ནས་ཟླ་བརྒྱད་པ་ནས་བཅུ་གཅིག་བར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ངལ་གསོའི་རྟེན་གཞི་14རུ་ངལ་གསོ་བར་རིམ་གྱིས་འགྲོ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་ཁག་དང་པོ་ཚང་མ་གཞོན་ནུ་ལག་རྩལ་བཟོ་པའི་ངལ་རྩོལ་དཔེ་བཟང་བཀོད་སྒྲིག་བྱེད་ཐེངས་དང་པོ་དེ་ཡིན། འདི་ལོའི་ངལ་རྩོལ་དཔེ་བཟང་གི་ངལ་གསོར“ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་གཏོང་བའི”བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ་དང་གཞི་རིམ་དང་། འཐབ་ཕྱོགས་དང་པོ། ངལ་རྩོལ་པ་དཀྱུས་མ་བཅས་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོའི་ངལ་རྩོལ་དཔེ་བཟང་དང་། འདུ་འགོད་ཆེ་གྲས་དང་ཚན་ཞིབ་རྣམ་གྲངས་གཙོ་བོའི་ནང་རྐང་འཛིན་གྱི་ནུས་པ་བཏོན་མཁན་ངལ་རྩོལ་དཔེ་བཟང་ངལ་གསོའི་ནང་ཞུགས་ཡོད་པ་རེད།
         ངལ་གསོ་ཁག་དང་པོའི་ནང་ཞུགས་མཁན་གཞོན་ནུའི་ངལ་རྩོལ་དཔེ་བཟང་102ཚང་མ་འཐབ་ཕྱོགས་དང་པོའི་ལག་རྩལ་བཟོ་པ་ཡིན་པ་དང་། མང་ཆེ་བ་ནུས་རྒྱུ་དང་། འཕྲུལ་ཆས། ལྕགས་བཞུ། ཨར་ལས་་སོགས་བཟོ་སྐྲུན་ལས་རིགས་ཀྱི་བཟོ་པ་ཡིན། ལོ་ན་ཆུང་བ་དང་ལག་རྩལ་བྱང་ཆུབ་པ་ནི་ངལ་རྩོལ་དཔེ་བཟང་ཚོགས་སྤྱི་དེའི་མངོན་གསལ་དོད་པའི་ཁྱད་ཆོས་ཡིན། ལོ་25ཆུང་ཤོས་ཡིན་པ་དང་མང་ཆེ་བར་ལག་རྩལ་གྱི་གོ་མིང་ཡོད། དེའི་ནང་མཐོ་རིམ་ལག་རྩལ་མི་སྣ་48དང་། ལག་རྩལ་མི་སྣ་21 མཐོ་རིམ་བཟོ་པ་8བཅས་ཡོད། ཕུལ་དུ་བྱུང་བའི་རྩལ་ནུས་ལ་བརྟེན་ནས་ཁོང་ཚོར་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་དང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་ལ་ལ་དེ་སྔ་རྒྱལ་ཡོངས་ཀྱི“ལས་བཟོ་ཡག་ཤོས”སུ་བདམས་མྱོང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།