འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་སྐབས་31པ་ཧྲང་ཧའེ་རུ་འགོ་ཚུགས་པ་རེད། འགྲན་བསྡུར་དེ་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་དང་། སློབ་གསོ་པུའུ། ཚན་རྩལ་པུའུ་སོགས་ཚན་པས་མཉམ་དུ་གཙོ་གཉེར་བྱས་པ་དང་རྒྱལ་ཡོངས་ཀྱི་འཐུས་མི་རུ་ཁག་34ཡི་གཞོན་ནུ་ལོ་ཆུང་500ཙམ་དང་ཚན་རྩལ་ཟུར་ཁྲིད་པ་200ལྷག་ཙམ། དེ་བཞིན་ཨ་རི་དང་། འཇར་མན། ཨུ་རུ་སུ། ཧྥ་རན་སེ་སོགས་རྒྱལ་ཁབ་དང་ས་ཁུལ་15ཡི་རྒྱལ་སྤྱིའི་འཐུས་མི་70ལྷག་ཙམ་བཅས་ཀྱིས་ཚེས་14ཉིན་ནས་18བར་གསར་གཏོད་འཇོན་ཐང་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད།
         རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ནི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཚན་རྩལ་ཟུར་ཁྲིད་པར་ཕྱོགས་ཏེ་སྤེལ་བའི་གཞི་ཁྱོན་ཆེ་ཤོས་དང་། རིམ་པ་མཐོ་ཤོས། ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་བཅས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་འགྲན་བསྡུར་བྱེད་སྒོ་ཞིག་རེད། ལོ་ལྟར་གཞོན་ནུ་ལོ་ཆུང་ཁྲི་1000ལྷག་ཙམ་གྱིས་ཚན་རྩལ་གསར་གཏོད་ཀྱི་ཞིབ་འཇུག་བྱ་གཞི་གསར་པར་ཞིབ་འཇུག་བྱེད་ཀྱི་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ནི་འགྲན་བསྡུར་ལ་ཞུགས་པའི་རྒྱལ་ཁབ་དང་། མི་སྣ། རྣམ་གྲངས་བཅས་ཀྱི་གྲངས་འབོར་ལོ་རྒྱུས་ཐོག་ཀྱི་མང་ཤོས་ཤིག་ཡིན་པ་དང་། མིག་སྔར་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འབྲས་བུ་ཁག་349དང་ཟུར་ཁྲིད་པའི་ཚན་རྩལ་གསར་གཏོད་འབྲས་བུ་ཁག་200མཐའ་མའི་དཔྱད་ཞིབ་དང་འགྲེམས་སྟོན་ལ་ཚུད་པ་དང་དེ་དག་ཞིང་ཆེན་རིམ་པ་ནས་འདེམས་སྒྲུག་དང་མཚམས་སྦྱོར་བྱས་པའི་གསར་གཏོད་འབྲས་བུ་ཁག་5000ཁྲོད་ནས་དཔྱད་འདེམས་བྱས་པ་ཞིག་རེད། མཐར“ཀྲུང་གོའི་ཚན་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་བྱ་དགའ”སོགས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་ཀྱི་བྱ་དགའ་ཁག་20ལྷག་ཙམ་དཔྱད་འདེམས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།