འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཤམ་བྷ་ལ་ཐང་ག་ཁང་བསྐྱར་དུ་སྒོ་མོ་ཕྱེ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཡུན་ནན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་རྡོ་མཁར་གནའ་གྲོང་ཟླ་འོད་ཐང་ཆེན་ཉེ་འགྲམ་དུ་2014ལོར་རྡོ་མཁར་གནའ་གྲོང་གི“1.11”མེ་སྐྱོན་ཁྲོད་གཏོར་བརླག་ཏུ་སོང་བའི་ཤམ་བྷ་ལ་ཐང་ག་ཁང་བསྐྱར་དུ་སྒོ་མོ་ཕྱེ་བ་རེད།
         ཐང་གའི་སྒྱུ་རྩལ་གྲོང་ཚོ་ནས་རིམ་བཞིན་འགྱུར་བའི་ཤམ་བྷ་ལ་ཐང་ག་ཁང་ནི་རི་མོ་མཁས་པ་སྐལ་བཟང་ཟླ་བས་གཉེར་བའི་ཐང་ག་གཙོ་བོར་བྱས་པའི་བོད་རིག་གནས་འགྲེམས་སྟོན་རྟེན་གཞི་ཞིག་ཡིན། ཐང་ག་ཁང་དེ་2007ལོར་གཉེར་འགོ་བཙུགས་ཚུན་སྐལ་བཟང་ཟླ་བས་སྲོལ་རྒྱུན་འབྲི་རྩལ་རྒྱུན་འཛིན་དང་དར་སྤེལ་བཏང་བའི་རྨང་གཞིའི་ཐོག་ས་ཆ་ཁག་གི་ཐང་ག་འབྲི་བའི་ལག་རྩལ་དང་ལྷག་པར་དུ་ནང་བསྟན་ཐང་ག་འབྲི་བའི་ལེགས་ཆ་བསྡུ་ལེན་བྱས་པས་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐང་ག་འབྲི་བའི་སྒྱུ་རྩལ་ཉམས་འགྱུར་ཞིག་གྲུབ་ཡོད། ཁོང་གིས་ད་དུང་འཚོལ་ཞིབ་ཧུར་ཐག་དང་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ་ཕྱི་རྒྱལ་གྱི་རི་མོའི་ལེགས་ཆ་སློབ་སྦྱོང་དང་དཔྱད་གཞིར་འཛིན་གྱི་ཡོད། དེར་བརྟེན་ཁོང་གི་བརྩམས་ཆོས་ལས་གནའ་བོའི་ཀེ་རི་སེ་དང་། རྒྱ་གར། ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་རིག་གནས་སྒྱུ་རྩལ་གྱི་ཉམས་འགྱུར་མངོན་གྱི་ཡོད། ཁོང་གི་བརྩམས་ཆོས་མང་ཆེ་བ་ཞིབ་ཚགས་ཆེ་བ་དང་། སྐྱ་རིས་གསལ་བ། ཚོན་མདོག་སྣ་མང་། མཚོན་བྱ་ཞིབ་ཚགས་པ་དང་རྙོག་འཛིང་ཆེ་བ་བཅས་ཕྱག་རྒྱ་མི་འདྲ་བ་སྣ་ཚོགས་ཡོད། ཁོང་གི་དམིགས་བསལ་གྱི་ཐང་ག་འབྲི་བའི་ཉམས་འགྱུར་དང་འབྲི་རྩལ་རྩེ་གྲ་ལ་སྒྱུ་རྩལ་ལས་རིགས་དང་ནང་བསྟན་ལས་རིགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།
         དེ་སྔ“སྐབས་དང་པོའི་ཀྲུང་གོའི་ལྷ་རིས་པའི”མཚན་སྙན་ཐོབ་པའི་སྐལ་བཟང་ཟླ་བས་རེབ་གོང་གི་ཐང་ག་འབྲི་སྲོལ་དེ་བོད་ལྗོངས་དང་། ཀན་སུའུ། སི་ཀྲོན། ནང་སོག་སོགས་ས་ཆའི་ཐང་ག་འབྲི་སྲོལ་དང་ཟུང་འབྲེལ་བྱས་པ་དང་འབྲེལ་ཐང་གའི་སྐྱ་རིས་འབུར་དུ་ཐོན་པའི་རྣམ་པ་ཞིག་བཏོད་པར་རི་མོའི་བརྩམས་ཆོས་ཀྱི་ལངས་གཟུགས་ཚོར་བ་ཟབ་ཏུ་སོང་ནས་དགེ་ཕྲུག་མང་པོ་ཞིག་གི་ནུས་རྩལ་གཟེངས་སུ་ཐོན་ཏེ་སྐབས་གསར་པའི་ཐང་གའི་སྒྱུ་རྩལ་པའི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།