འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཞབས་བྲོ་《གངས་ཅན་ཞིང་གི་ཚངས་དབྱངས་》པེ་ཅིང་དུ་སྐད་གྲགས་ཆོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། 《གངས་ཅན་ཞིང་གི་ཚངས་དབྱངས་》ཞེས་པ་དེ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོ་དང་ཆུང་ངུར་འཁྲབ་སྟོན་ཐེངས་གཉིས་བྱས་པ་དང་། བོད་ཀྱི་ཞབས་བྲོ་བ་ཚོའི་བདེ་འཁྱུག་གི་སྟངས་སྟབས་ལས་ལྟད་མོ་བ་ཉིས་བརྒྱ་ལྷག་ཙམ་གྱི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག
         བོད་ཀྱི་ཞབས་བྲོ་འཁྲབ་མཁན་པད་མ་ཚེ་རིང་གིས་བརྩམས་པའི་《གངས་ཅན་ཞིང་གི་ཚངས་དབྱངས་》ཞེས་པའི་བྲོ་གར་ལས་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བ་དང་གདོད་མའི་རྣམ་པའི་འཁྲབ་སྟོན་ལས་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་བར་མེད་དུ་གྲགས།
         ད་རེས་པད་མ་ཚེ་རིང་གིས་གསར་རྩོམ་བྱས་པའི་《གངས་ཅན་ཞིང་གི་ཚངས་དབྱངས་》ཞེས་པ་དེ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་ཆེད་དོན་འཁྲབ་སྟོན་ཐུབ་པ་ནི“ཀྲུང་གོའི་ཞབས་བྲོའི་ཉིན་བཅུ་གཉིས་ཏེ་གཞོན་ནུའི་ཞབས་བྲོ་མཁས་ཅན་གྱིས་འགྲེམས་འཁྲབ་འཆར་གཞི”ཞེས་པའི་བྱེད་སྒོ་ལས་བྱུང་བ་ཞིག་ཡིན་ཞིང་། དེ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་སྤུས་རྟགས་རྣམ་གྲངས་ཤིག་དང་དམིགས་ཡུལ་ནི་ལས་སྟེགས་ཤིག་བཏོད་ནས་རྒྱལ་ནང་གི་ཤེས་རྒྱ་ཆེ་བའི་གཞོན་ནུ་འཁྲབ་ཁྲིད་པའི་བརྩམས་ཆོས་གསར་པ་ངོམ་སྟོན་བྱ་རྒྱུ་དེ་ཡིན། རྒྱལ་ནང་གི་ཞབས་བྲོའི་ལས་རིགས་དང་ཐ་ན་དེང་དུས་ཞབས་བྲོའི་ཁྱབ་ཁོངས་ནང་ཤུགས་རྐྱེན་དང་སྐད་གྲགས་ངེས་ཅན་ལྡན་པའི“སློབ་དཔོན”6གིས“གཅིག་གཏད་གཅིག”གི་ཐོག་ནས་གཞོན་ནུ་ཞབས་བྲོ་མཁས་ཅན་6དང་ཁོང་ཚོའི་བརྩམས་ཆོས་ཐོག་མའི་འོས་སྦྱོར་བྱས་ཏེ་ཉིན་12ནང་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་གཅིག་མཇུག་གཉིས་མཐུད་ངང་འཁྲབ་སྟོན་བྱ་རྒྱུ་རེད།
         པད་མ་ཚིང་རིང་གིས་ད་རེས་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་ནང་མི་སྒེར་གྱི་ཆེད་དོན་འཁྲབ་སྟོན་བྱས་ཏེ་བོད་ཀྱི་སྒྱུ་རྩལ་ངོམ་སྟོན་བྱས་པར་གཟི་བརྗིད་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། མ་གཞི་ཕྱོགས་ཁག་གིས་བསྟོད་བསྔགས་ཆེན་པོ་བྱས་རུང་ཁོང་ལ་གནོང་འགྱོད་ཕྲན་བུ་བྱུང་ཡོད་པ་རེད། གང་ལགས་ཤེ་ན། ཁོང་གིས་མི་20ཙམ་ཟིན་པའི་ཚོགས་པ་གཞན་ཞིག་དང་མཉམ་དུ་ཟླ་བ་གཅིག་ལྷག་ཙམ་ནང་སྦྱོང་བྱས་ནའང་རྒྱུ་རྐྱེན་མང་དག་གིས་ཁོང་དང་མཉམ་དུ་པེ་ཅིང་དུ་ཡོང་མི་ཐུབ་པས། སླར་ཡང་ནང་སྦྱོང་བྱེད་དགོས་པ་དང་དུས་ཚོད་ཀྱང་འབེལ་པོ་མེད།“མ་གཞི་བྱས་ན་དེ་ལས་ཡག་པ་ཡོད”ཅེས་བཤད། ད་རེས་ཀྱི་གནོང་འགྱོད་དེ་སླད་ཕྱིན་འབད་བརྩོན་ཆེར་སྐྱེད་ཀྱི་སྒུལ་ཤུགས་སུ་འགྱུར་རྒྱུ་དང་སྔར་ནས་ད་བར་ཁོང་ལ་རོགས་རམ་བྱེད་མཁན་རྣམས་ཁོང་གི་ངོས་ནས་བརྗོད་ན་བཀའ་དྲིན་ཆེན་པོ་ཡིན་ཞིང་། ཁོང་གིས་ཀྱང“རྩེར་སོན་བརྩམས་ཆོས་སྔར་ལས་མང་བ་འཁྲབ་རྒྱུ་ནི་ཁོང་ཚོར་ཕུལ་བའི་ལག་རྟགས་ཆེ་ཤོས་རེད”ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།