འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་ཕ་ཁི་སི་ཐན་དུ་མ་འཇོག་བྱས་པའི་
    གཞུང་ལམ་དང་པོ་དེ་ལས་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 09:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན་ཕ་ཁི་སི་ཐན་M4མྱུར་བགྲོད་གཞུང་ལམ་རྣམ་གྲངས་བསྐྲུན་འགོ་ཚུགས་པའི་མཛད་སྒོ་ཕ་ཁི་སི་ཐན་ཤར་རྒྱུད་ཕང་ཀྲེ་ཕུའུ་ཞིང་ཆེན་ཧྲོར་གོ་ཏེའི་ས་ཁུལ་དུ་འཚོགས་པ་དེ་ཐོག་ནས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་ཕ་ཁི་སི་ཐན་དུ་མ་འཇོག་བྱས་པའི་གཞུང་ལམ་དང་པོ་དེ་དངོས་སུ་བསྐྲུན་འགོ་ཚུགས་པ་མཚོན་ཡོད།
         ཕ་ཁེ་སི་ཐན་གྱི་ཙུང་ལི་ཤེ་ལི་ཕུའུ་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ཤིང་། ཁོང་གི་ཤིས་ཚིག་ནང་ཕ་ཁི་སི་ཐན་སྲིད་གཞུང་གིས་མིག་སྔར་ནུས་རྒྱུ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དེས་ཕ་ཁི་སི་ཐན་གྱི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་དམངས་ཚོགས་ལ་ཕན་པ་ཐོབ་རྒྱུ་རེད། M4མྱུར་བགྲོད་གཞུང་ལམ་རྣམ་གྲངས་དེར་ཀྲུང་གོ་ཕྱོགས་ཀྱི་རོགས་རམ་ཐོབ་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་ནུས་རྒྱུ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞུང་ལམ་དེ་བསྐྲུན་རྗེས། ཕ་ཁི་སི་ཐན་གྱི་འགྲིམ་འགྲུལ་དྲ་བ་སྔར་བས་ལེགས་སུ་འགྲོ་རྒྱུ་དང་འབྲེལ་ཟོག་འགྲེམས་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད་ཅེས་བཤད།
         ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུན་ཝུའེ་ཏུང་གིས་སྨྱན་སྦྱོར་ལ་རྣམ་གྲངས་དེ་ནི་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཁག་དང་པོའི་མ་འཇོག་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་ཕ་ཁི་སི་ཐན་ལ་མ་འཇོག་བྱས་པའི་རྣམ་གྲངས་དང་པོ་དེའང་ཡིན་ཞེས་བཤད་ཅིང་། ཁོང་གིས་རྣམ་གྲངས་དེས་ཕ་ཁི་སི་ཐན་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་འགྲོ་རྒྱུ་དང་། ཚོང་དོན་དང་ཟོག་འགྲེམས་ལ་སྐུལ་འདེད་གཏོང་རྒྱུ། དབུལ་པོ་མེད་པ་བཟོ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ལ། གཞུང་ལམ་བསྐྲུན་འགན་འཁུར་མཁན་ཀྲུང་གོའི་ཀུང་སིས་དུས་བཀག་ལྟར་སྤུས་ཚད་འགན་ལེན་དང་བདེ་འཇགས་ཕན་ཆེའི་སྒོ་ནས་གཞུང་ལམ་བསྐྲུན་རྒྱུའི་ལས་འགན་ལེགས་འགྲུབ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།