འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྩལ་རྩེད་ཚོགས་པས་སོ་ཏི་ཨ་རབ་ལ་འཁྲབ་སྟོན་བྱས་པར་དགའ་བསུ་ཆེན་པོ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སོ་ཏི་ཨ་རབ་ཀྱི་དབྱར་དུས་རིག་གནས་དུས་ཆེན་ལ་གདན་ཞུ་བྱས་པའི་ཀྲུང་གོའི་རྩལ་རྩེད་ཚོགས་པས་སོ་ཏི་ཨ་རབ་ཀྱི་ནུབ་རྒྱུད་ཀྱི་མཚོ་དམར་གྲོང་ཁྱེར་ཅི་ཏར་ཉིན་མང་པོ་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་པར་དེ་གའི་མང་ཚོགས་ཀྱིས་ཤིན་ཏུ་དགའ་པོ་བྱས་ནས་འཚོག་རིམ་བཞིན་མིས་ཁེངས་ཏེ་ཀུན་ལ་མིག་གི་ལོངས་སྤྱོད་གསར་པ་ཞིག་སྦྱིན་ཡོད།
         ཟླ་7ཚེས་26ཉིན་ནས་བཟུང་ས་རུབ་མ་ཐག་ཅི་ཏ་གྲོང་ཁུལ་དང་དེའི་ཉེ་འཁོར་གྲོང་ཁྱེར་གྱི་སོ་ཏི་ཨ་རབ་ཀྱི་མང་ཚོགས་སྔ་རྗེས་སུ་ཅི་ཏའི་གྲོང་འདབས་ཀྱི“ནགས་གསེབ་ཁུལ”བརྗོད་དོན་རོལ་རྩེད་ཁང་ལ་ཡོང་ནས་གོ་ལ་ཧྲིལ་པོར་སྐད་གྲགས་ཡོད་པའི་ཀྲུང་གོའི་རྩལ་རྩེད་ཚོགས་པའི་ངོ་མཚར་འཁྲབ་སྟོན་ལ་བལྟས་པ་རེད།
         འཁྲབ་སྟོན་ལ་སོ་ཏི་ཨ་རབ་བའི་དགའ་བསུ་ཆེན་པོ་ཐོབ་ནས་ཚོགས་ར་ཡོངས་ལ་རེ་ཞིག་ཐལ་མོའི་རྡེབ་སྒྲ་དང་། ཤུར་སྒྲ དགའ་འབོད་ཀྱི་སྒྲ ཀྱེ་ཧོའི་སྒྲ་བཅས་ཀྱིས་ཡོངས་སུ་ཁེངས། 
         ཀྲུང་གོའི་རྩལ་རྩེད་ཚོགས་པའི་སྣེ་འཁྲིད་མཁན་ཧྥན་ཡན་ནན་གྱིས། ད་རེས་སོ་ཏི་ཨ་རབ་ལ་འཁྲབ་སྟོན་བྱེད་མཁན་ང་ཚོའི་ཚོགས་པར་འཁྲབ་སྟོན་པ་30ལ་ཉེ་བ་ཡོད་པའི་ནང་ཆུང་ཤོས་ལོ་12ཡིན། ཁོང་ཚོས་འཁྲབ་སྟོན་ཐེངས་140ལྷག་ཙམ་བྱ་རྒྱུ་ཡིན་པས་སླད་ཕྱིན་འཁྲབ་སྟོན་སྔར་ལས་འཁྲུག་ཏུ་དང་ལྟ་མཁན་དེ་བས་མང་དུ་འགྲོ་ངེས་རེད་ཅེས་ངོ་སྤྲོད་བྱས།
         སོ་ཏི་ཨ་རབ་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧྭ་ཤིན་ཡང་རྒྱལ་ས་རི་ཡ་ཏེ་ནས་ཀྲུང་གོའི་རྩལ་རྩེད་ཚོགས་པའི་འཁྲབ་སྟོན་པར་འཚམས་འདྲི་གནང་བར་ཕེབས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།