འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་གློག་ཤུགས་དྲ་སྦྲེལ་གྱིས་བོད་རིགས་ས་ཁུལ་གྱི་མི་དམངས་ལ་ཕན་བདེ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཁྲོན་བོད་གློག་ཤུགས་དྲ་སྦྲེལ་གྱིས་བོད་རིགས་ས་ཁུལ་གྱི་མི་དམངས་ལ་ཕན་བདེ་བསྐྲུན་པ།
         མི་དམངས་དྲ་བའི་འཕྲིན། མ་དངུལ་སྒོར་དུང་ཕྱུར་66.3བཏང་བའི་རིང་ཚད་སྤྱི་ལེ་1521ཡོད་པའི་ཆན་ཕུའུ་500ཡི་གློག་སྐུད་དང་གློག་སྒྱུར་ས་ཚིགས་བཞི་ཚུད་པའི་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་ཤར་སི་ཁྲོན་ཞིང་ཆེན་ཕྱག་ཕྲེང་རྫོང་ནས་འབའ་ཐང་བརྒྱུད་བོད་ལྗོངས་ཆབ་མདོ་བར་2014ལོའི་ཟླ་11པར་བསྐྲུན་ནས་གློག་གཏོང་འགོ་བཙུགས་ཚུན། ཆབ་མདོ་གྲོང་ཁྱེར་གྱི་དུས་ཚིགས་རང་བཞིན་གྱི་གློག་དཀོན་པ་དང་གློག་དྲ་གཙོ་བོ་མི་འབོར་ལ་ཁྱབ་ཚད་དམའ་བའི་གནད་དོན་ཐག་གཅོད་ཐུབ་ནས་བོད་རིགས་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ་མ་ཟད། ཆར་ཆུ་འབེལ་བའི་དུས་སུ་གློག་ལྷག་མ་ཕྱིར་འདྲེན་པའི་བགྲོད་ལམ་བཏོད་པས་ཆབ་མདོ་རྒྱལ་ཁབ་ནུབ་གློག་ཤར་འདྲེན་གྱི་ནུས་རྒྱུ་རྒྱུན་མཐུད་བྱེད་པའི་རྟེན་གཞི་གལ་ཆེན་དུ་གྱུར་ཡོད།
         བོད་ལྗོངས་ཆབ་མདོ་གློག་དྲས་ཁྲོན་བོད་དྲ་སྦྲེལ་ལ་བརྟེན་ནས་ཧྭ་པེ་གློག་དྲར་གློག་ཆུ་ཚོད་ཆན་ཝ་ཁྲི་7269བཏང་བ་དང་གློག་གཏོང་ཤུགས་ཆེ་ཤོས་ལ་ཆུ་ཚོད་ཆན་ཝ་ཁྲི་6.5ཟིན་པ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།