འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འགྲན་གྲུ་རུ་ཁག་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 09:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་འགྲན་གྲུ་རུ་ཁག་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན་2016ལོའི་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་རྐྱང་པའི་སྐྱ་གཉིས་རྣམ་གྲངས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཏོན་ཅིང་ལི་ལ་སྐར་མ་7དང་། སྐར་ཆ་24 ཚེག་13བཅས་ཀྱི་གྲུབ་འབྲས་ཐོག་ནས་ཟངས་ཀྱི་རྟགས་མ་ཐོབ་ཅིང་། འདི་ནི་ཚེས་13ཉིན་ཀྲུང་གོའི་བདམས་ཐོན་པ་ཏོན་ཅིང་ལི་ཡིས་གཟེངས་རྟགས་སྟོན་པའི་གནས་ཚུལ་ཡིན་པ།
         འདི་ག་ཚགས་པར་ཁང་དུ་ལི་གཡོད་རེ་ནེ་ལུའུ་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་འགྲན་གྲུ་རུ་ཁག་གི་བུད་མེད་རྐྱང་པའི་སྐྱ་གཉིས་རྣམ་གྲངས་ལ་ཨོ་རྩལ་འགྲན་ཚོགས་ཐོག་སྔོན་མ་བྱ་དགའ་ཐོབ་མྱོང་མེད་པའི་ལོ་རྒྱུས་དེ་ཧོ་ནན་གྱི་བདམས་ཐོན་པ་ཏོན་ཅིང་ལི་ཡིས་མཇུག་འགྲིལ་བ་རེད། ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་ཁོང་གིས་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་གྲུའི་འགྲན་བསྡུར་ཁྲོད་སྐར་མ་7དང་། སྐར་ཆ་24 ཚེག་13གྱི་གྲུབ་འབྲས་ཐོག་ནས་ཨང་གསུམ་པ་བླངས་པ་རེད། རྣམ་གྲངས་འདིའི་གསེར་གྱི་རྟགས་མ་ཨོ་སི་ཁྲུ་ལི་ཡའི་པུའུ་ལེ་ནན་ལ་སྐར་མ་7དང་། སྐར་ཆ་21 ཚེག་54ཡི་གྲུབ་འབྲས་ཐོག་ནས་ཐོབ་པ་དང་ཨ་རིའི་བདམས་ཐོན་པ་རེ་ནེ་ཝ་ལ·སི་ཐུང་ལ་སྐར་མ་7དང་། སྐར་ཆ་22ཚེག་92ཀྱི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་རག་པ་རེད།
         དེའི་སྔོན་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་རུ་ཁག་ལ་རྣམ་གྲངས་དེའི་ཐད་ཀྱི་སྦྱངས་འབྲས་ཡག་ཤོས་ནི་ཨང་བཞི་པ་ཡིན་པ་དང་ཀྲང་ཤིའུ་ཡུན་ལ་2008ལོར་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཐོག་ཐོབ་པ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།