འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཆབ་མདོའི་དབུལ་སྒྲོལ་འགག་སྒྲོལ་ལ་ཕན་འབྲས་དངོས་ཐོན་པ།

    དབུལ་སྐྱོར་ཐོན་ལས་རྣམ་གྲངས་115ལག་བསྟར་བྱས་ནས་དུད་ཚང་དབུལ་པོའི་མི་གྲངས་ཁྲི་2.56ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཆབ་མདོ་གྲོང་ཁྱེར་གྱིས་འདི་ལོ་ཚུན་དུ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་དང་། གཙོ་གནད་ས་ཁོངས་དང་། གཙོ་གནད་ཚོགས་སྤྱི། གཙོ་གནད་ཁྱབ་ཁོངས་བཅས་འགག་གནད་སྒྲོལ་སར་བྱ་རྒྱུ་མཐའ་འཁྱོངས། “གནད་སྨིན་དྲུག་དང་། ཁག་གཅིག་ལྔ། དོན་འཁྱོལ་བརྒྱད”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་བ། དུད་ཚང་དང་མི་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བཅས་བྱས་ཏེ། གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ཁག་ཏན་ཏིག་ངང་སྤེལ་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་བརྟན་པོའི་སྒོ་ནས་ལག་བསྟར་བྱས་ཤིང་། གྲོང་ཁྱེར་དེ་ཡོངས་ཀྱིས་མིག་སྔའི་བར་རིགས་ཁག་གི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་115ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་2.41བཏང་བ་དང་། གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་ཁྲི་2.56བཟོས་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་ཁག་དང་པོ་དང་གཉིས་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སྐྲུན་པའི་རྣམ་གྲངས་152ནང་ལོ་སྟོད་དུ་143ལས་འགོ་ཚུགས་པ་དང་། ལས་འགོ་འཛུགས་ཚད་94%ཟིན་ཁར་ད་བར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་22དོན་འཁྱོལ་བྱས་ཡོད། སྤྱི་ཚོགས་མཐའ་སྐྱོང་ལས་དོན་གཏིང་ཟབ་ངང་སྤེལ་ནས་སྤྱི་ཚོགས་མཐའ་སྐྱོང་བྱ་ཡུལ་གྱི་བསྐྱར་ཞིབ་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཡོད། འདི་ལོ་ཚུན་དུ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི་5795.62དང་གྲོང་གསེབ་ཀྱི་འགན་ལེན་ལྔའི་འཚོ་སྐྱོང་མ་དངུལ་སྒོར་ཁྲི་1217.23དོན་འཁྱོལ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་5327ལ་རོགས་སྐྱོབ་བྱས་ཤིང་སྨན་བཅོས་རོགས་སྐྱོབ་ལ་སྒོར་ཁྲི་1661.24བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།