འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།“དངུལ་ཁང་གཅིག་དང་ཅུས་བཞི”ཡིས་དམིགས་བསལ་གྱི་དངུལ་རྩའི་སྲིད་ཇུས་ལ་བརྟེན་
    ནས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་14ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་མུ་མཐུད་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ལག་ལེན་བསྟར་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
         མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་དུ་ཡོད་པའི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཐད་རྒྱལ་ཡོངས་ཀྱི་གདང་རིམ་ཁག་གི་དངུལ་བུན་གྱི་གཞི་རྩའི་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་གཉིས་ཀྱིས་དམའ་བའི་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཀའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་། བོད་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་ཚད་ཐད་རྒྱལ་ཡོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་གཉིས་ཀྱིས་དམའ་བའི་གཟིགས་སྐྱོང་དངུལ་བུན་སྐྱེད་ཀའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་པ་རེད། བོད་འདི་ཉིད་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་མཁོ་ཆེ་བའི་ཐོན་སྐྱེད་ཚོང་ཟོག་གནས་གཏན་འཁེལ་གྱི་ཐོན་སྐྱེད་ཁེ་ལས་ཀྱི་མིང་ཐོའི་ནང་གི་ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་ཆ་རྐྱེན་དང་འཚམས་པ་དང་དེའི་འཁོར་རྒྱུག་མ་དངུལ་གྱི་དངུལ་བུན་ཐད་གཟིགས་སྐྱོང་སྐྱེད་ཀའི་དངུལ་བུན་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་གཟིགས་སྐྱོང་སྐྱེད་ཀ་དེ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ་རེད། དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་དང་། མི་རིགས་ཀྱི་ཚོང་དོན་དང་མི་རིགས་ཀྱི་མཁོ་ཆས་ཐོན་སྐྱེད་དངུལ་བུན་སོགས་སྲིད་ཇུས་རང་བཞིན་གྱི་དངུལ་བུན་འཕར་ཆག་མི་ཡོང་བ་བྱ་རྒྱུ་དང་ཆབས་ཅིག་ཧེ་བག་ཅན་གྱི་ཡིད་རྟོན་དངུལ་བུན་དོ་དམ་བྱ་ཐབས་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་མ་ཟད། ཡིད་རྟོན་དངུལ་བུན་སྲིད་ཇུས་བྱེད་ཐབས་གསར་གཏོད་དང་བེད་སྤྱོད་བྱས་ཏེ་ས་ཁོངས་ལས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོ་དང་ཕྱི་རྒྱལ་དངུལ་འགྲུལ་གྱི་དོ་དམ་སྲིད་ཇུས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།