འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་ཚུགས་ལུས་རྩལ་པའི་ཐོབ་ཐང་ཐོག་ནས་འགྲན་བསྡུར་ནང་ཞུགས་མཁན་ཁུ་ཝེ་ཐེ་
    རྒྱལ་ཁབ་ཀྱི་ལུས་རྩལ་པ་རྒན་གྲས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་12ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རང་ཚུགས་ལུས་རྩལ་པའི་ཐོབ་ཐང་ཐོག་ནས་འགྲན་བསྡུར་ནང་ཞུགས་མཁན་ཁུ་ཝེ་ཐེ་
རྒྱལ་ཁབ་ཀྱི་ལུས་རྩལ་པ་རྒན་གྲས།
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་10ཉིན་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་ཕྱོགས་མང་འཕུར་སྡེར་གཉིས་འཕེན་ཚ་ཁ་(男子双多向飞碟项目)འགྲན་བསྡུར་གྱི་བྱ་དགའ་གནང་བའི་མཛད་སྒོའི་ཐོག་ལོ་49ལོན་པའི་ཁུ་ཝེ་ཐེའི་ལུས་རྩལ་པ་རྒན་གྲས་ཧྥ་ཧོ་ཏེ་•ཨར་ཏི་ཧ་ཉི་(法赫德•阿尔迪哈尼)ཆེས་མཐོའི་བྱ་དགའ་ལེན་སྟེགས་སུ་འཛེགས་པ་རེད། སྐབས་དེ་ནི་ཁོ་རང་ཨོ་རྩལ་འགྲན་ཚོགས་སུ་ཐེངས་དང་པོར་ཞུགས་པའི་བར་དུ་དུས་ཡུན་ལོ་24སོང་ཡོད་མོད། འོན་ཀྱང་ཁོང་ཨོ་རྩལ་འགྲན་ཚོགས་སྐབས་6ལ་ཞུགས་མྱོང་བའི་རིང་གསེར་གྱི་རྟགས་མ་ཨང་དང་པོ་ཐོབ་པའི་དུས་སུ་ཁོང་ལ་སྒྲེང་བའི་དར་ཆ་ནི་ཨོ་ལིམ་ཕིག་གི་ཨ་ལོང་ལྔ་འབྲེལ་དར་ཆ་ཞིག་རེད། དེའི་རྒྱུ་མཚན་ནི་ན་ནིང་ལོ་མཇུག་ཏུ་རྒྱལ་སྤྱིའི་ཨོ་རྩལ་ཨུ་ལྷན་གྱིས་ཁུ་ཝེ་ཐེ་རྒྱལ་ཁབ་ལི་གཡོད་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུར་བཀག་སྡོམ་བྱས་པས་ཨར་ཏི་ཧ་ཉིས་རང་ཚུགས་ལུས་རྩལ་པའི་ཐོབ་ཐང་ཐོག་ནས་རང་ཉིད་ཀྱི་ཨོ་རྩལ་ལས་འགུལ་གྱི་རེ་འདུན་རྒྱུན་སྲིང་མི་བྱེད་ཐབས་མེད་གྱུར་པས་རེད།
         ལི་གཡོད་ཨོ་རྩལ་འགྲན་ཚོགས་སུ་རང་ཚུགས་ལུས་རྩལ་པའི་འཐུས་མི་ཚོགས་པར་བསྡོམས་པས་ཚོགས་མི་8ཡོད་ཅིང་། དེ་ཚོའི་ཁྲོད་དུ་མི་གཅིག་ནི་གཞུང་ཕྱོགས་ཀྱི་དཔྱད་ཡིག་ནང་དུ་རྒྱལ་ཁོངས་དང་སྐྱེས་ཡུལ་གང་ཡིན་གསལ་པོར་བཀོད་མེད་པ་ཕུད། གཞན་དག་མི་7ཚང་མ་ཁུ་ཝེ་ཐེ་རྒྱལ་ཁབ་ནས་ཡོང་བ་རེད། 2015ལོའི་ལོ་མཇུག་ཏུ་རྒྱལ་སྤྱིའི་ཨོ་རྩལ་ཨུ་ལྷན་གྱིས་ཁུ་ཝེ་ཐེའི་སྲིད་གཞུང་གིས་སྒྲིག་འགལ་ངང་ཁུ་ཝེ་ཐེའི་ཨོ་རྩལ་ཨུ་ལྷན་གྱི་ལས་དོན་ལ་ཐེ་གཏོགས་བྱས་པ་ཁྲུན་ཐག་བཅད་པས་ཁུ་ཝེ་ཐེ་རྒྱལ་ཁབ་ལི་གཡོད་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུར་བཀག་སྡོམ་བྱས་པ་རེད།
    【1】  【2】  【3】  【4】
    ༄༅།།རང་ཚུགས་ལུས་རྩལ་པའི་ཐོབ་ཐང་ཐོག་ནས་འགྲན་བསྡུར་ནང་ཞུགས་མཁན་ཁུ་ཝེ་ཐེ་
རྒྱལ་ཁབ་ཀྱི་ལུས་རྩལ་པ་རྒན་གྲས།
      

    ཕྱོགས་བསྡུས་གསར་འགྱུར།