འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་14ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་སྲིད་གཞུང་སྡེ་ཚན་གྱིས་ཆོག་མཆན་སྤྲད་པ་བརྒྱུད་བོད་ཀྱི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ལྷ་སར་བཙུགས་ཤིང་། མཐུན་ཚོགས་དེས་ཚངས་དབྱངས་རྒྱ་མཚོ་དང་ཁོང་གིས་མཛད་པའི་རྩོམ་རིག་བརྩམས་ཆོས་ཇི་མ་ཇི་བཞིན་མངོན་པར་བྱས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིག་གནས་ཞིབ་འཇུག་དང་རིག་གནས་གསར་གཏོད་ཐོན་ལས་གསར་སྤེལ་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཐུན་ཚོགས་དེ་རྒྱལ་ནང་གི་བོད་རིག་པའི་མཁས་དབང་ཁག་གཅིག་གིས་རྐང་འཛིན་མི་སྣ་དང་མི་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་ཞིག་ལས་གྲུབ་པ་དང་། མང་ཆེ་བས་བོད་རྒྱ་སྐད་ཡིག་གཉིས་ཤེས་སྟབས་སླད་ཕྱིན་རྒྱལ་ཁབ་ཕྱི་ནང་དུ་ཚངས་དབྱངས་རྒྱ་མཚོའི་རིག་གནས་རིག་གཞུང་བགྲོ་གླེང་དང་། རིག་རྩལ་འཁྲབ་སྟོན། འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་། ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བ་ཡོད་པའི་རིག་རྩལ་དང་བརྙན་འཕྲིན་དང་གློག་བརྙན་གྱི་བརྩམས་ཆོས་གསར་རྩོམ་བྱས་ནས་འདོན་རྒྱུ། ཚངས་དབྱངས་རྒྱ་མཚོའི“ལྐོག་གྱུར་གྱི་སྐུ་ཚེ་ཧྲིལ་པོ”ཁུངས་བཙན་པོས་འདྲེན་པ་དང་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རྒྱ་ཡིག་དང་དབྱིན་ཡིག་གི་འགྱུར་མར་དག་བཅོས་དང་ཚད་ལྡན་དུ་གཏོང་རྒྱུ། ཚངས་དབྱངས་རྒྱ་མཚོའི་རིག་གནས་དངོས་མང་སྟོན་ཚོགས་ཁང་དང་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་དྲ་ཚིགས་འཛུགས་རྒྱུ་སོགས་ཡིན་པ་རེད།
         བོད་རིག་པའི་མཁས་དབང་པ་སངས་ནོར་བུས། ཞིབ་འཇུག་མཐུན་ཚོགས་བརྒྱུད་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་དོ་ཁུར་བྱེད་མཁན་གྱི་རིག་གཞུང་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་དག་གཅིག་ཏུ་བསྒྲིལ་ཏེ་བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་ཉིང་བཅུད་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།