འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་གཞུང་ལམ་གྱི་སྨར་ཁམས་ལམ་དུམ་ཟླ་8ཚེས་10ཉིན་ནས་བཟུང་རླངས་འཁོར་
    ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་12ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཁྲོན་བོད་གཞུང་ལམ་གྱི་སྨར་ཁམས་ལམ་དུམ་ཟླ་8ཚེས་10ཉིན་ནས་བཟུང་རླངས་འཁོར་
ཤར་གཏོང་ཐུབ་པ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནས་རྒྱུས་ལོནབ་བྱུང་བ་ལྟར་ན། ཟླ་8ཚེས་10ཉིན་གྱི་དུས་ཚོད་12དང་སྐར་མ་30སྐབས་བར་དུ། དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་དཔོན་དམག་ཚོས་ཉིན་བཅུ་དྲུག་རིང་ལ་བསྟུད་མ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཆུ་ལོག་དྲག་པོ་བྱུང་ནས་བགྲོད་ལམ་ཆད་པའི་ཁྲོན་བོད་གཞུང་ལུམ་གྱི་སྨར་ཁམས་ལམ་དུམ་སླར་གསོ་ཐུབ་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད།
         མཚམས་སྦྱོར་བྱས་པར་གཞིགས་ན། ཟླ་7ཚེས་23ཉིན་ནས་བཟུང་། སྨར་ཁམས་རྫོང་མངའ་ཁོངས་སུ་དྲག་ཆར་བསྟུད་མར་བབས་རྐྱེན་ཁྲོམ་བོད་གཞུང་ལམ་ཧའེ་ཐུང་རོང་ཁུལ་གྱི་ལམ་དུམ་ལ་ལམ་གཞི་ཆད་པ་དང་། ལམ་ངོས་སྡིབ་པ། རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་མང་པོ་བྱུང་བ་དང་། དེའི་ཁྲོད་ལམ་གཞི་རྦད་དེ་མེད་པ་ཆགས་ཁུལ་ཉི་ཤུ་རྩ་གཉིས་དང་། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཅུང་ཚབས་ཆེ་བའི་ཁུལ་བཅུ་གཅིག་བཅས་བྱུང་བས། ཁྲོམ་བོད་གཞུང་ལམ་སྨར་ཁམས་རྫོང་ཧའེ་ཐུང་རོལ་ཁུལ་གྱི་གཞུང་ལམ་ཆད་པ་རེད།
    ༄༅།།ཁྲོན་བོད་གཞུང་ལམ་གྱི་སྨར་ཁམས་ལམ་དུམ་ཟླ་8ཚེས་10ཉིན་ནས་བཟུང་རླངས་འཁོར་
ཤར་གཏོང་ཐུབ་པ།
      

    ཕྱོགས་བསྡུས་གསར་འགྱུར།