འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་24པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་ཀྲུང་དབྱང་
    མི་རིགས་སློབ་ཆེན་དུ་འགྲན་བསྡུར་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 16:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྐབས་24པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་ཀྲུང་དབྱང་
མི་རིགས་སློབ་ཆེན་དུ་འགྲན་བསྡུར་བྱེད་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་2ཉིན་གྱི་སྔ་དྲོར་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་གཙོ་གཉེར་གནང་བ་དང་། མི་དམངས་དྲ་བ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་། པེ་ཅིང་ལུས་རྩལ་སློབ་ཆེན་བཅས་ཀྱིས་རོགས་གཉེར་གནང་བའི་སྐབས་24པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འགྲན་བསྡུར་བྱེད་འགོ་བརྩམས། འགོ་ཚུགས་མཛད་སྒོའི་ཉིན་ཅིང་སྡོད་བོད་མི་སྟེ་རྒྱལ་སའི་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང་བོད་འབྲེལ་ལས་ཁུངས་ཁག་གི་བོད་རིགས་ལས་སྒྲུབ་མི་སྣ་སོགས་བོད་རིགས་སྤུན་ཟླ་500ལྷག་ཙམ་འགོ་ཚུགས་མཛད་སྒོར་འཛོམས་པ་རེད།
         སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་ནས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་འགྲན་ཚོགས་ནང་ཞུགས་པའི་རུ་ཁག་ཁྱོན་བསྡོམས་38ཡོད་པ་དང་། དེའི་ནང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རུ་ཁག  ཀྲུང་གོའི་མི་རིགས་ལོ་ཙཱ་ཅུས་ཀྱི་རུ་ཁག ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་གི་རུ་ཁག་སོགས་ཅིང་སྡོད་ལས་ཁུངས་ཀྱི་རུ་ཁག་དང་། སློབ་མའི་ཚོགས་ཆུང་གི་ནང་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་དང་། པེ་ཅིང་ལུས་རྩལ་སློབ་ཆེན། པེ་ཅིང་ནོར་དཔལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་སོགས་ཀྱི་སྐྱེས་པའི་རུ་ཁག་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། པེ་ཅིན་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན། པེ་ཅིང་བོད་ལྗོངས་མཐོ་འབྲིང་། རྒྱལ་སའི་དགེ་འོས་སློབ་ཆེན་བཅས་ཀྱི་སྐྱེས་མའི་རུ་ཁག་བཅས་ཁྱོན་བསྡོམས་རུ་ཁག་38ཡོད་པ་རེད། ཟླ་གཅིག་གི་ནང་རུ་ཁག་སོ་སོས་རང་རང་གི་ཁྱད་དུ་འཕགས་པའི་ནུས་རྩལ་བཏོན་ཏེ་སྲོང་བཙན་སྐྱེས་བུམ་གྱི་བྱ་དགའ་བརྩོན་ལེན་བྱ་རྒྱུ་རེད།
          སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་འདི་ནི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམཔོའི་མཚན་ནས་བཏགས་པ་ཞིག་ཡིན་པ་དང་། སྤྱི་ལོ་1991ལོ་ནས་འགྲན་ཚོགས་འགོ་ཚུགས་པ་ནས་ད་བར་ལོ་ཉུ་ཤུ་ལྷག་སོང་ཞིང་། ལོ་ངོ་ཉུ་ཤུ་ལྷག་གི་རིང་ལ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་མི་རིགས་ལོ་ཙཱ་ཅུས་ལ་སོགས་པའི་ལས་ཁུངས་ཁག་གིས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པ་དང་། ལྷག་པར་དུ་སྐུ་གཤེགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཟུར་པའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་མ་ཟད། ཁོང་གིས་སྐུ་ངོ་མས་སྲོང་བཙན་སྐྱེས་བུམ་འགྲན་ཚོགས་ལ་ཕྱག་བྲིས་ཀྱང་གནང་བ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】  【13】
    ༄༅།།སྐབས་24པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་ཀྲུང་དབྱང་
མི་རིགས་སློབ་ཆེན་དུ་འགྲན་བསྡུར་བྱེད་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།