འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཞིང་པའི་སྡོད་ཁང་གི་བདག་དབང་གཏའ་འཇོག་དངུལ་བུན་གཡར་བའི་
    ཚོད་ལྟའི་ལས་དོན་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 08:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱིས་ཞིང་པའི་སྡོད་ཁང་གི་བདག་དབང་གཏའ་འཇོག་དངུལ་བུན་གཡར་བའི་
ཚོད་ལྟའི་ལས་དོན་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན། བོད་ལྗོངས་ལྷ་ས་ཆུ་ཤུར་རྫོང་དུ་སྤེལ་བའི་བོད་ཀྱི་ཞིང་པའི་སྡོད་ཁང་གི་རྒྱུ་ནོར་བདག་དབང་(ཁང་པ་རྒྱག་སའི་བེད་སྤྱོད་བདག་དབང་ཚུད་པ)གཏའ་འཇོག་དངུལ་བུན་ཚོད་ལྟའི་ལས་དོན་དེས་བོད་ཀྱི“ཞིང་གསུམ”གྱི་མ་རྩ་མཉམ་འཇོག་དཀའ་གནད་ནུས་ལྡན་སེལ་རྒྱུ་རེད།
         ཉིན་དེར་སྤེལ་བའི་ཆུ་ཤུར་རྫོང་གི་ཞིང་པའི་སྡོད་ཁང་གི་རྒྱུ་ནོར་བདག་དབང་(ཁང་པ་རྒྱག་སའི་བེད་སྤྱོད་བདག་དབང་ཚུད་པ)གཏའ་འཇོག་དངུལ་བུན་གཏོང་བའི་མཛད་སྒོའི་ཐོག་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཞིང་དུད་19ལ་གཏའ་འཇོག་དངུལ་བུན་སྒོར་ཁྲི་263བཏང་བ་རེད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཞིང་དུད་ལ་ཐོབ་པའི་དངུལ་བུན་དེ་དག་གཙོ་བོ་ཐོན་སྐྱེད་གཉེར་སྐྱོང་རྒྱ་ཆེར་གཏོང་རྒྱུའི་ཐད་སྤྱོད་རྒྱུ་ཡིན་པ་དེའི་ནང་ཟོག་འདྲེན་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་བྱ་རྒྱུ་དང་། སྔོ་ཚལ་དྲོད་་ཁང་འདེབས་འཛུགས་ལ་མ་འཇོག་བྱ་རྒྱུ། ཚོང་པར་མ་དངུལ་འཁོར་རྒྱུག་མཁོ་འདོན་བྱ་རྒྱུ་སོགས་ཚུད་ཡོད།
         མིག་སྔར། ཆུ་ཤུར་རྫོང་གིས་རྫོང་དེ་ཡོངས་ཀྱི་ཞིང་པར་ཞིང་པའི་སྡོད་ཁང་གི་བདག་དབང་ལག་ཁྱེར་དང་ཁང་པ་རྒྱག་སའི་བེད་སྤྱོད་བདག་དབང་ལག་ཁྱེར་སྤྲད་པའི་ནང་སྡོད་ཁང་དང་ཁང་པ་རྒྱག་སར་དངོས་སུ་ཐིག་ལེན་བྱས་པའི་རྒྱ་ཁྱོན་ཚུད་ཡོད།
         སྔོན་ཆད། ཞིང་པའི་སྡོད་ཁང་ལ་མཉམ་སྡེབ་ས་ཆ་བེད་སྤྱོད་བྱེད་དབང་ལག་ཁྱེར་མ་གཏོགས་སྡོད་ཁང་བདག་དབང་ལག་ཁྱེར་མེད་པས“བདག་དབང་མེད་པ”དང་ཡང་ན“བདག་དབང་ཡོད་རུང་ལག་ཁྱེར་མེད་པའི”གནས་བབ་དུས་ཡུན་རིང་པོ་གནས་ཡོད།
         ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཧང་ཀྲང་ལི་ལའེ་ཡིས་ཞིང་པའི་སྡོད་ཁང་གི་རྒྱུ་ནོར་བདག་དབང་གཏའ་འཇོག་དངུལ་བུན་གཏོང་བའི་བྱེད་ཐབས་དེས“བདག་དབང་ཡོད་རུང་ལག་ཁྱེར་མེད་པའི”ཞིང་པའི་སྡོད་ཁང་དང་ཁང་པ་རྒྱག་ས་དེ“དངུལ་སྨར”ལ་བསྒྱུར་རྒྱུ་དང་དེ་ནི་གྲོང་གསེབ་ཀྱི་ས་ཆའི་མ་དངུལ་གསོག་ཐེབས་ཐུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ཞིང་པའི་བྱ་གཞག་གསར་གཏོད་ཀྱི་མ་རྩ་མཉམ་འཇོག་ཐབས་ལམ་རྒྱ་ཆེ་རུ་འགྲོ་རྒྱུ་རེད་ཅེས་བཤད།
         བོད་ནི་རང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་དེ་ཡིན་པ་དང་མིག་སྔར་ཞིང་འབྲོག་པ་ཁྲི་50ལྷག་ཙམ་དབུལ་སྒྲོལ་ཐུབ་མེད། ཆུ་ཤུར་རྫོང་གི་རྫོང་དཔོན་གཞོན་པ་ཚེ་དབང་འཇིགས་མེད་ཀྱིས“སྔོན་ཆད། ཞིང་པ་མང་་་་་་དག་ཅིག་ལ་བྱ་གཞག་གསར་གཏོད་བྱེད་སེམས་ཡོད་རུང་མ་དངུལ་མེད་པས་ལག་ལེན་བྱེད་ཐབས་བྲལ། ཞིང་པའི་སྡོད་ཁང་གི་རྒྱུ་ནོར་བདག་དབང་གཏའ་འཇོག་དངུལ་བུན་གྱི་བྱེད་ཐབས་ལག་བསྟར་བྱེད་པ་དེས་མང་ཚོགས་ཀྱི་ཕྱུག་འགྱུར་བསམ་བློ་དོན་དངོས་སུ་བསྒྱུར་ནས་ཞིང་པ་མང་དག་ཅིག་དབུལ་སྒྲོལ་ནུས་ལྡན་ཐུབ་རྒྱུར་སྐུལ་མ་ཐེབས་རྒྱུ་རེད”ཅེས་བཤད།
         2015ལོའི་ཟླ་8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གྲོང་གསེབ་ཀྱི་འགན་གཙང་ས་ཆའི་གཉེར་སྐྱོད་བདག་དབང་དང་ཞིང་པའི་སྡོད་ཁང་གི་རྒྱུ་ནོར་བདག་དབང་གཏའ་འཇོག་དངུལ་བུན་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཏོན་པ་དང་ཆུ་ཤུར་རྫོང་ནི་རྒྱལ་ཡོངས་ཀྱི་ཞིང་པའི་སྡོད་ཁང་གི་རྒྱུ་ནོར་བདག་དབང་གཏའ་འཇོག་དངུལ་བུན་གྱི་ཚོད་ལྟའི་རྫོང་59ཡི་གྲས་ཤིག་རེད།
    ༄༅།།བོད་ལྗོངས་ཀྱིས་ཞིང་པའི་སྡོད་ཁང་གི་བདག་དབང་གཏའ་འཇོག་དངུལ་བུན་གཡར་བའི་
ཚོད་ལྟའི་ལས་དོན་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།