འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གཙོ་གནད་གཞུང་ལམ་འཛུགས་སྐྲུན་གྱི་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་
    ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་རྒྱུ་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། “སྣོད་བཅུད་སྔོན་སྐྱོང་དང་། སྲུང་སྐྱོང་སྔོན་བྱེད། སྲུང་སྐྱོང་བྱེད་རིང་འཛུགས་སྐྲུན། འཛུགས་སྐྲུན་བྱེད་རིང་སྲུང་སྐྱོང”བཅས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་ཁག་དོན་འཁྱོལ་ནུས་ལྡན་ཡོང་བའི་འགན་ལེན་བྱས་ཤིང་། ལས་གྲྭ་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་གཉིས་ཀ་ཡག་པོ་ཡོང་བ་བྱས་ཏེ། གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་བྱེད་ཚད་100%ཟིན་ཡོད་པ་རེད།
         “ལོ་འདི་དག་རིང་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཁོར་ཡུག་སྲུང་སྐྱོང་སོགས་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་དེ་གཙོ་གནད་ལས་དོན་ཁོངས་སུ་བཅུག་སྟེ། འགོ་ཁྲིད་གཙོ་བོས་དངོས་སུ་བཀོད་སྒྲིག་དང་འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱས་པ་མ་ཟད། ད་དུང་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གོ་རིམ་ལྡན་པ་དང་ནུས་པ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་ཡང་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2000ལོ་ནས་བཟུང་གཞིས་རྩེ་ནས་རྒྱལ་རྩེ་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་བྱེད་ཚུལ་ཚད་གཞིར་བྱས་ནས། བོད་ལྗོངས་ཀྱི་འགྲིམ་འགྲུལ་ལས་རིགས་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལ་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། 2014ལོའི་ཟླ་ལྔ་པར་བོད་རང་སྐྱོང་ལྗོངས་ཀྱིས་《གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》བཏོན་ཡོད། མིག་སྔའི་བར་གྲོང་གསེབ་ཀྱི་གཞུང་ལམ་ཚུད་པའི་བོད་རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་ཚང་མར་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་བྱེད་ཚད་100%ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།