འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མུའུ་ཉི་ཧེའི་བདེ་འཇགས་ཚོགས་འདུའི་ཀྲུང་གོའི་ཆེད་དོན་གླེང་སྟེགས་ཐོག་ཀྲུང་གོའི་ནུས་པར་
    གྲོས་བསྡུར་འཁྲུག་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མུའུ་ཉི་ཧེའི་བདེ་འཇགས་ཚོགས་འདུ་སྐབས་52པས“ཀྲུང་གོ་དང་རྒྱལ་སྤྱིའི་སྒྲིག་ལམ”ཞེས་པའི་ཆེད་དོན་གླེང་སྟེགས་གཉེར་ནས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཕུའུ་ཡིང་དང་། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཟུར་པ་ལུའུ་ཁེ་ཝུན། སིང་ཀ་ཕོར་གྱི་རྒྱལ་སྲུང་པུའུ་ཀྲང་ཧོང་ཡུང་ཧུང་། ཨ་རིའི་གྲོས་ཁང་གོང་མའི་ཕྱི་འབྲེལ་འབྲེལ་བ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁོའོ་ཁེ་སོགས་ཚོགས་འདུར་ཕེབས་ནས་ཀྲུང་གོ་དང་རྒྱལ་སྤྱིའི་སྒྲིག་ལམ་དང་། ཀྲུང་ཨའི་འབྲེལ་བ། ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་སོགས་ཀྱི་ཐད་གྲོས་བསྡུར་འཁྲུག་པོ་གནང་བ་རེད།
         རྒྱལ་སྤྱིའི་སྒྲིག་ལམ་སྐོར་གླེང་སྐབས་ཕུའུ་ཡིང་གིས“ཨ་རིས་འགོ་ཁྲིད་བྱས་པའི་འཛམ་གླིང་སྒྲིག་ལམ”ཟེར་བར་ཀ་རྟེན་གསུམ་ཡོད་པ་སྟེ། གཅིག་ནི་ཨ་རིའི་རིན་ཐང་ལྟ་བ་ཡིན་པ་དང་། གཉིས་ནི་ཨ་རིའི་དམག་དོན་མནའ་འབྲེལ་མ་ལག་ཡིན་པ། གསུམ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚུད་པའི་རྒྱལ་སྤྱིའི་སྒྲིག་གཞི་རེད། ཀྲུང་གོས་སྒྲིག་ལམ་དེ་ཡོངས་རྫོགས་དང་ལེན་ཞུ་མི་སྲིད། ཀྲུང་གོས་བརྗོད་པའི“རྒྱལ་སྤྱིའི་སྒྲིག་ལམ”ཞེས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་ལམ་སྲོལ་དང་། བཅའ་ཁྲིམས་མ་ལག རྩ་དོན་ཚད་གཞི་བཅས་རབ་དང་རིམ་པར་བརྗོད་ཀྱི་ཡོད། ད་ལྟ་ལག་ལེན་བསྟར་བཞིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཀྲུང་གོར་གཏོགས་སེམས་ཡོད་པ་དང་གཏོད་མཁན་གྱི་གྲས་ཤིག་ཡིན་ལ་ཕན་པ་ཐོབ་མཁན་དང་ལེགས་སྐྱེས་འབུལ་མཁན་ཡིན་པའི་ཁར་སྒྱུར་བཅོས་ནང་ཞུགས་མཁན་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད།
         ལུའུ་ཁེ་ཝུན་གྱིས་མཁྱེན་ལྡན་མ་ཕུའུ་ཡིང་ལགས་ཀྱིས་ཀྲུང་གོ་དང་ཨ་རིས་སྒྲིག་ལམ་ཐད་འཛིན་པའི་ལྟ་སྟངས་མི་འདྲ་བ་གསལ་བཤད་ཡག་པོ་གནང་སོང་། གཅིག་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོར་ཐུན་མོང་གི་རིན་ཐང་ལྟ་བ་ཁག་གཅིག་ཡོད་མོད། འོན་ཀྱང་རིན་ཐང་ལྟ་བ་ཁག་གཅིག་འདྲ་གི་མེད། མངོན་གསལ་དོད་པའི་དཔེ་ཞིག་ནི་དམངས་གཙོའམ་ཡང་ན་ནུབ་ཕྱོགས་ཀྱི་རིན་ཐང་ལྟ་བའི་མ་ལག་ཟེར་བ་དེ་ཡིན་པ་དང་། གཉིས་ནས་ཀྲུང་གོས་ལོ་བཅུ་ཕྲག་ཁ་ཤས་རིང་སྔ་བར་ཕྱི་གསུམ་དུ་མནའ་འབྲེལ་ནང་མི་ཞུགས་པའི་སྲིད་ཇུས་མཐའ་འཁྱོངས་བྱས་ནས“སྣ་མང”གི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་མཐོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། གསུམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཚུད་པའི་རྒྱལ་སྤྱིའི་སྒྲིག་གཞིར་ཀྲུང་གོས་རྒྱབ་སྐྱོར་བྱས་ཏེ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ནུབ་ཕྱོགས་ཀྱིས་ཀྲུང་གོ་དེ་ཉིད་དཔོག་དཀའ་བ་ཞིག་ཏུ་བརྩི་རྒྱུ་མེད། རྒྱལ་ཁབ་གང་རུང་དང་འདྲ་བར་ཀྲུང་གོར་རང་ཉིད་ཀྱི་ཁེ་ཕན་ཡོད། ད་ཆ་རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོས་རང་འགུལ་དེ་བས་ཆེ་བ་འདོན་སྤེལ་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ནི་དཔེ་ཡག་པོ་ཞིག་རེད། ད་ལྟ་ལག་ལེན་བསྟར་བཞིན་པའི་རྒྱལ་སྤྱིའི་སྒྲིག་ལམ་གྱི་སྒྲོམ་གཞིའི་འོག་ཀྲུང་གོས་ཨ་རི་དང་མཉམ་ལས་བྱེད་འདོད་ཡོད། གལ་ཏེ་སྒོ་མང་པོ་ཞིག་ཀྲུང་གོར་མ་ཕྱེ་ཚེ་ཁོ་ཚོ་སྒོའི་ཕྱི་རུ་ཁང་པ་བརྒྱབ་ནས་སྡོད་པའི་ཐབས་ལས་མེད་ཅེས་གསུངས་པ་རེད།
         ཧོང་ཡུང་ཧུང་གིས་ཀྲུང་གོའི་དར་རྒྱས་ནི་རྒྱལ་སྤྱིའི་སྒྲིག་ལམ་དང་མཉམ་འདྲེས་བྱེད་པའི་བརྒྱུད་རིམ་ནང་བྱུང་བ་དང་ཆབས་ཅིག་ཉེ་འཁོར་རྒྱལ་ཁབ་ཁག་ལ་ཁེ་ཕན་སྐྲུན་གྱི་ཡོད། མིག་སྔར་ལྷོ་རྒྱ་མཚོའི་གནད་དོན་ཧ་ཅང་མངོན་གསལ་དོད་པོ་ཡོད་མོད། འོན་ཀྱང་སིང་ཀ་ཕོར་གྱིས་ཀྲུང་གོས་གདོང་ཐུག་དོན་རྐྱེན་སློང་འདོད་མི་བྱེད་པའི་ངོས་འཛིན་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཀྲུང་གོས་རང་ངོས་ཀྱི་འཕེལ་རྒྱས་དེ་ཕྱིའི་ཁོར་ཡུག་བརྟན་ལྷིང་ཞིག་དང་ཁ་འབྲལ་ཐབས་མེད་པ་གསལ་པོ་ཤེས་ཀྱི་ཡོད། ལྷོ་རྒྱ་མཚོའི་གནད་དོན་དོ་དམ་ཚོད་འཛིན་ཡག་པོ་ཐུབ་རྒྱུ་རེད། དེའི་ཐད་ཕྱོགས་ཁག་གིས་ཆབ་སྲིད་ཀྱི་འདོད་ཚུལ་མངོན་པར་བྱེད་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།
         ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་གོ་ལ་ཧྲིལ་པོའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པའི་ངོས་འཛིན་གནང་ཞིང་། ཁོའོ་ཁེས་ཀྲུང་གོ་དར་རྒྱས་ཕྱིན་པ་དེ་ཨ་རིར་ཕན་པ་ཡོད་ལ་འཛམ་གླིང་ལའང་ཕན་པ་ཡོད་པས་ཨ་རིས་དེའི་ཐད་དགའ་བསུ་ཞུ་རྒྱུ་ཡིན། དཔལ་འབྱོར་ཐད་ཨ་ཀྲུང་རྒྱལ་ཁབ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པ་དང་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་100ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དེ་ཡིན་པས་ཤུགས་རྐྱེན་ཐེབས་ཚད་ལ་སྣང་ཆུང་བྱེད་མི་རུང་ཞེས་གསུངས་པ་རེད།
         གཏམ་བཤད་དང་དྲི་བ་བཏོན་པའི་ཁྲོད་བརྗོད་པ་བཞིན་ཀྲུང་གོས་འབྱུང་འགྱུར་རང་ཉིད་ཀྱི་འགན་བབ་དང་ནུས་པ་གསལ་སྟོན་བྱེད་རྒྱུའི་སྐོར་གླེང་སྐབས་ཕུའུ་ཡིང་གིས་ཚང་མས་ཨ་རིའི་གཟུགས་བརྙན་སྤྱད་ནས་ཀྲུང་གོར་གདེང་འཇོག་བྱེད་མི་ཉན། ཀྲུང་གོ་དེ་ཉིད་ཨ་རི་གཞན་ཞིག་ཏུ་འགྱུར་མི་སྲིད། འཛམ་གླིང་ཐོག་ཨ་རི་གཅིག་ཁོ་ནས་འགྲིག་གི་རེད། ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་ལོ་ངོ་30ཡི་གོང་དུ་ད་དུང་འཛམ་གླིང་ཐོག་ཆེས་དབུལ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཀྲུང་གོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ལ་རང་ངོས་ཀྱི་འདུ་ཤེས་དང་མཐུན་པའི་བྱ་ཐབས་ཀྱི་ཐོག་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་གཉིས་ཁེ་ཡོང་བའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།