འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་
    གྲུབ་འབྲས་ཐོག་མ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་
གྲུབ་འབྲས་ཐོག་མ་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཆུ་འགོ་གསོ་སྐྱོང་རླུང་འགོག་བྱེ་འཇགས་བྱེད་ཆེད་2014ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་མི་གྲངས་ཀྱི་80%ཡན་འདུས་སྡོད་བྱེད་སའི"གཙང་པོ་གཉིས་དང་ཆུ་བོ་བཞིའི"(ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་སའི་སྐྱིད་ཆུ། མྱང་ཆུ། ཡར་ལྷ་ཤམ་པོའི་ཆུ། སེང་གེ་ཁ་འབབ་བཅས།)འབབ་རྒྱུད་དུ་ནགས་བཟོ་ལྗང་སྒྱུར་གྱི་ལས་གཞི་སྤེལ་བ་རེད། ལས་གཞི་འགོ་ཚུགས་ས་བྱེད་པའི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྣམ་གླིང་རྫོང་དུ་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ནས་གཅིག་བསྡུས་ཀྱིས་ནགས་བཟོ་ཚོད་ལྟ་གཞི་རྒྱ་ཆེན་པོ་བྱས་པ་རེད། ལོ་གཉིས་ཀྱི་རིང་ལ་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་ཐོག་མ་ཐོབ་ཡོད་དེ་མུའུ་ཁྲི་1.8ཀྱི་ས་རུ་ཤིང་སྡོང་འདེབས་འཛུགས་ཁྲི་120ལྷག་བཙུགས་ཤིང་གསོན་ཚད་ནི་90%ནས་95%བར་ཟིན་པ་རེད། རྒྱལ་ཁབ་དང་ཧྲན་ཏུང་ཞིང་ཆེན་གྱིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1ལྷག་བཏང་ཡོད་པ་དང་། འདི་ལོར་ད་དུང་མུའུ་7000ལྷག་གི་ས་རུ་ཤིང་འཛུགས་ནགས་བཟོ་བྱེད་རྩིས་ཡོད་པ་རེད།
    ༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་
གྲུབ་འབྲས་ཐོག་མ་ཐོབ་པ།
    ༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་
གྲུབ་འབྲས་ཐོག་མ་ཐོབ་པ།
    ༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་
གྲུབ་འབྲས་ཐོག་མ་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།